ཕྱིར་མིག མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉི་ཤུ་བའི་པར་རིས་བདམས་བཀོད། ཁག་གཉིས་པ།



ཀྲུང་གོ་བོད་ཀྱི་དྲ་བ། སྒོ་འབྱེད་མཉམ་ལས། ལྗང་མདོག་འཕེལ་རྒྱས་བརྗོད་བྱར་བཟུང་བའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉི་ཤུ་བ་བདེ་ལེགས་ངང་མཇུག་སྒྲིལ་བ་དང་། དུས་ཡུན་ཉིན་བཞི་རིང་གི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་བསྡོམས་པས་མཉམ་ལས་རྣམ་གྲངས261ལ་གན་རྒྱ་བཞག་པ་དང་། དངུལ་གཏོང་ཁྱོན་དམངས་སྒོར་དུང་ཕྱུར1500ཙམ་ལ་སླེབས་ཡོད་པ་རེད། ཕྱི་ཕྱོགས་དང་མཉམ་ལས་བརྗེ་རེས་བྱེད་པའི་སྟེགས་བུ་འཛུགས་སྐྲུན་དང་རྒྱ་བསྐྱེད་དེ་མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་ཀྱི་ལེགས་ཆ་དང་མཉམ་ལས་ཀྱི་གོ་སྐབས་གསར་བ་འགྲེམ་སྟོན་གང་ལེགས་བྱ་པར། ཐེངས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་བསྡོམས་པས་རྒྱལ་ཁབ་དང་ས་ཁུལ16དང་། རྒྱལ་ཁབ་ཀྱི་པུའུ་ཨུ9། ཞིང་ལྗོངས་དང་གྲོང་ཁྱེར29། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས3900བཅས་གདན་དྲངས་ཏེ་བསྡོམས་པས་སྐུ་མགྲོན་དང་ཚོང་བ13000ལྷག་ཐེངས་འདིའི་གྲོས་ཚོགས་ལ་ཞུགས་ཡོད།

དཔྱད་མཆན 0 ཡོད།