ཁ་གྱའི་ཚུལ་ཁྲིམས་སམ་གཟེབ་ཀྱིས་བསྐྱོན་པའི་བརྙན་པར་བདམས་བཀོད་ཁག་གཉིས་པ།



པར་བ་ཁ་གྱའི་ཚུལ་ཁྲིམས་སམ་༼གཟེབ༽ ནི༡༩༩༢ལོར་མང་རྫོང་སུམ་མདོ་ཁ་གྱ་སྡེ་བར་སྐྱེས། ༢༠༠༡ལོར་རབ་ཏུ་བྱུང་སྟེ་ཀླུ་ཚང་དགོན་ཆེན་དུ་ཚོཊ་ཞུཊ་བྱས། ༢༠༡༡ལོ་ནས་རང་གི་ལྷན་སྐྱེས་ཀྱི་དགའ་ཕྱོཊ་དང་གྲོགས་པོ་དག་གི་ཤན་ཤུཊ། ཆེད་ལས་པར་ལེན་མཁས་པའི་མཛུབ་སྟོན་བཅས་ལ་བརྟེན་ནས་པར་ལེན་སྒྱུ་རྩལ་གྱི་ལམ་ཁར་བསྙེགས། ཁོས་རང་གི་ཕ་ཡུལ་དང་རང་གི་མི་རིགས། རང་གི་རིག་གནས་བཅས་ལ་བཅངས་པའི་བརྩེ་བ་ལྷད་མེད་དེ་ཉིད་རི་མོའམ་བརྙན་རིས་ཀྱི་ལམ་ནས་མཚོན་པ་ལ་རང་གི་དུས་ཚོད་དང་དཔལ་འབྱོར་སོཊ་ཕངས་མེད་དུ་བློས་བཏང་སྟེ་འབད་པ་ཤ་ཐང་དུ་བསྟེན་བཞིན་ཡོད།
༢༠༡༦ལོར༼རེ་འདུན་གྱི་ཁ་དོག༽ཅེས་པ་ཀྲུང་གོའི་་དམངས་སྲོལ་རིག་གནས་པར་ལེན་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པ་དང་། ༢༠༡༨ལོར་མཚོ་ལྷོའི་པར་དེབ་དང་གཞན་གཞུང་སྒེར་གང་རུང་གི་དུས་དེབ་དང་ཚཊ་པར་སྣ་ཚོཊ་ཀྱི་སྟེང་དུ་འདྲ་པར་མང་བོ་འགྲེམས་སྤེལ་བྱས་ཡོད།

དཔྱད་མཆན 0 ཡོད།