རྟ་མགྲིན་རྡོ་རྗེའི་བརྙན་པར་བདམས་བཀོད། ཁག་གསུམ་པ།



རྟ་ལོའམ་རྟ་མགྲིན་རྡོ་རྗེ་ནི། 1969ལོའི་དགུན་ཟླ་དང་པོའི་ནང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་བླ་རི་མགུལ་ཐང་འཁོར་སྡེ་བར་སྐྱེས། སྔ་གཞུག་ཏུ་སློབ་གྲྭ་ཆུང་འབྲིང་དང་ཀན་ལྷོ་ཁུལ་མི་རིགས་སློབ་གྲྭ། ནུབ་བྱང་མི་རིགས་སློབ་ཆེན་སོགས་འགྲིམ་མྱོང་ལ། 1989ལོར་སློབ་མཐར་ཕྱིན་རྗེས་རྨ་ཆུ་རྫོང་དུ་ལས་གནས་བགོས། མི་ལོ་ཉེར་དགུའི་རིང་ལ་དེ་ག་ནས་བོད་རིགས་སློབ་ཆུང་དང་བོད་རིགས་སློབ་འབྲིང་། སློབ་གསོ་ལྟ་སྐུལ་ཁང་བཅས་སུ་མི་རིགས་སློབ་གསོའི་ལས་དོན་ལ་རང་ནུས་ཅི་ཡོད་ཕུལ་ཅིང་སློབ་མ་མང་པོ་གསོ་སྐྱོང་གནང་། སློབ་མ་མང་ཆེ་ཤོས་ད་ལྟ་སྤྱི་ཚོགས་ལས་རིགས་སོ་སོའི་རྐང་འཛིན་པར་གྱུར་ཡོད། གཞན་ཡང་རང་ཉིད་ཀྱི་དགའ་ཕྱོགས་ལྟར་བྱ་བའི་ཞོར་དུ་པར་ལེན་སྒྱུ་རྩལ་གྱི་ལས་ལ་ལོ་བཅུ་ཕྲག་ལྷག་གི་རིང་དུ་འབད་བརྩོན་བྱས་མྱོང་། རང་སློབ་ཀྱི་རྨང་གཞིའི་ཐོག་དགེ་རྒན་དུ་མ་བསྟེན་ཅིང་། འབད་པ་ལྷོད་དུ་མ་བཏང་བས་གྲུབ་འབྲས་ཀྱང་ཅུང་བཟང་པོ་ཐོབ། འདྲ་པར་བརྩམས་ཆོས་ཁག་ཅིག་གངས་རྒྱན་ན་ཆུང་ཚགས་པར་དང་། ཀན་སུའུ་ཁྲིམས་ལུགས་ཚགས་པར། ཀན་ལྷོའི་གསར་འགྱུར། ཟླ་ཟེར། ཀན་སུའུ་སློབ་གསོའི་ལྟ་སྐུལ་སོགས་ཚགས་པར་དང་དུས་དེབ་ཏུ་བཀོད་མྱོང་ལ། ཁུལ་དང་ཞིང་ཆེན། རྒྱལ་ཁབ་རིམ་པའི་འགྲེལ་སྟོན་དུའང་ཞུགས་མྱོང་པར་མ་ཟད། བྱ་དགའ་དང་རྟགས་མ་ཡང་རེ་འགའ་ཐོབ་མྱོང་ངོ་། །

དཔྱད་མཆན 0 ཡོད།