སེམས་ཀྱི་ཉི་ཟླའི་བོད་ཀྱི་རྒྱན་གོས་ལ་ཁྱད་ཆོས་འདི་འདྲ་ལྡན།

01.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2017ལོར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་60འཁོར་བའི་རྟེན་འབྲེལ་ཞུ་བའི་མཛད་སྒོའི་ཐོག་སེམས་ཀྱི་ཉི་ཟླའི་ཤོམ་པ་སྐོར་ཞིག་གི་རྒྱན་གོས་ཀྱིས་ཀུན་གྱི་ཡིད་དབང་བཀུག་ནས་གདེང་འཇོག་ཚད་མཐོན་པོ་གནང་ཡོད་ཅིང་།   རྒྱན་གོས་འདི་དག་ནི་སེམས་ཀྱི་ཉི་ཟླའི་ཕུན་སུམ་ཚོགས་མི་རིགས་རྒྱན་གོས་ཚད་ཡོད་ཀུང་སིས་བཟོས་པ་ཤ་སྟག་རེད། 

02.jpg

ཀུང་སི་དེའི་སྦྱིན་བདག་ཕུན་ཚོགས་ཀྱིས་བཤད་པ་ལྟར་ན།  རྒྱན་གོས་འདི་དག་ནི་དུས་རབས་གོང་མའི་ལོ་རབས་སུམ་ཅུ་བཞི་བཅུའི་ནང་བོད་ཁུལ་གྱི་སྐུ་དྲག་དང་འབྱོར་ལྡན་པའི་ཁྱིམ་དུ་དར་ཁྱབ་ཆེ་བའི་རྒྱན་གོས་ཀྱི་རིགས་ཤིག་ཡིན་པ་དང་།  རིམ་བཞིན་དེ་དག་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ལ་འཕྲད།   2011ལོར་སྟེས་དབང་ཞིག་ལ་ཕུན་ཚོགས་ཀྱིས་ཁྱིམ་ཚང་ཞིག་གིས་དེའི་ཁྲོད་ཀྱི་སྟོད་གོས་ཤིག་མཐོང་བ་དང་། དེའི་ཞིབ་ཚགས་པའི་བཟོ་རྩལ་དང་རི་མོ་སོགས་ཀྱིས་ཁོ་བོའི་ཡིད་དབང་ཅིག་ཅར་དུ་བཀུག་པ་རེད།   ཕུན་ཚོགས་ཀྱིས་ཕྱོགས་གང་སར་འཚོལ་འདྲི་བྱས་པ་བརྒྱུད་རྒྱུ་ཆ་རྣལ་མ་བདམས་ནས་ཞིབ་འཇུག་གང་ལེགས་བྱས་པ་ན། 2017ལོར་རྒྱན་གོས་དེ་དག་ཡང་བསྐྱར་ཀུན་གྱི་སྤྱན་ལམ་དུ་བཀྲམས་ཐུབ་པ་བྱུང་བ་རེད། 

03.jpg

ཕུན་ཚོགས་ནི་བོད་ཀྱི་རིག་གནས་ལ་དུང་བ་ཟབ་ཅིང་ཞིབ་འཇུག་བྱེད་རྒྱུ་དགའ་བའི་མི་ཞིག་ཡིན། 1996ལོ་ནས་བཟུང་བོད་ཀྱི་རྒྱན་གོས་སྐོར་གྱི་ཚོང་གཉེར་བྱས་པ་དང་2012ལོར་སེམས་ཀྱི་ཉི་ཟླ་ཕུན་སུམ་ཚོགས་མི་རིགས་རྒྱན་གོས་ཚད་ཡོད་ཀུང་སི་དངོས་སུ་བཙུགས་ནས་སེམས་ཀྱི་ཉི་ཟླའི་བོད་མི་རིགས་ཀྱི་སྲོལ་རྒྱུན་རྒྱན་གོས་སྤུས་རྟགས་གཏོད་པའི་ལམ་བུའི་ཐོག་བསྐྱོད་ཡོད། ད་ཆ་ཀུང་སིའི་ནང་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་གི་བོད་རིགས་ཀྱི་རྒྱན་གོས་ཆ་ཚང་ཞིང་སྤུས་ལེགས་པ་དང་།   མིག་སྔར་རྒྱན་གོས་སྣ་ཁ་བརྒྱ་ལྷག་ཡོད།    

04.jpg

སེམས་ཀྱི་ཉི་ཟླའི་བོད་ཀྱི་རྒྱན་གོས་ལ་ཀུན་གྱིས་དགའ་པོ་དང་དང་ལེན་བྱ་ཆེད།   ཕུན་ཚོགས་ཀྱིས་སྲོལ་རྒྱུན་རྒྱན་གོས་ནང་དེང་རབས་ཀྱི་དར་སྲོལ་ཆེ་བའི་རྒྱུ་ཆ་ཡང་སྤྱད་ནས།   སྔ་ཕྱིར་དུ་ཧྲང་ཧའེ་དང་། ཧྲེན་ཀྲེན། ཁུན་མིང་སོགས་སུ་བསྐྱོད་ནས་རྒྱན་གོས་འགྲེམས་སྟོན་དང་འགྲན་བསྡུར་སོགས་ཀྱི་བྱེད་སྒོར་ཞུགས་ཡོད།   2019ལོའི་དར་ལམ་སྤྲིན་རྩེད་ཡུན་ནན་མི་རིགས་གྱོན་ཆས་ཇུས་འགོད་འགྲན་བསྡུར་ཆེ་མོའི་ཐོག་ཀུང་སི་འདིའི་བོད་ཀྱི་རྒྱན་གོས་གཉིས་ལ་སྲོལ་རྒྱུན་མི་རིགས་གྱོན་ཆས་རྩེ་གྲས་བཅུ་དང་མི་རིགས་གྱོན་ཆས་གསར་གཏོད་རྩེ་གྲས་བཅུའི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། 

05.jpg

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།