བདེ་ཆེན་གྱི་ཁྱད་ལྡན་ཐོན་རྫས་རྔ་བ་ཁུལ་དུ་དགའ་བསུ་ཆེན་མོ་ཐོབ།

1.jpg

འདུ་ཚོགས་ཀྱི་ཚོགས་ར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། 2019ལོའི་ཟླ་8པའི་ཚེས་1ཉིན་ནས་ཚེས་5ཉིན་གྱི་བར་དུ་ཏན་ཁྲོན་མཚོ་བོད་ཀྱི་འབྲེལ་མཚམས་བོད་ཁུལ་གྱི་ཁྱད་ལྡན་ཐོན་རྫས་བཤམས་སྟོན་འདུ་ཚོགས་སྐབས་ལྔ་པ་རྔ་བ་ཁུལ་དུ་བསྡུས་པ་དང་།  བདེ་ཆེན་གྱི་ཁེ་ལས་8འདུ་ཚོགས་དེར་ཞུགས་པ་རེད། 

2.jpg

3.jpg

འདུ་ཚོགས་ཐོག་གི་བདེ་ཆེན་གྱི་ཁྱད་ལྡན་ཐོན་རྫས་འགའ།

འདུ་ཚོགས་ཐོག་རང་ཁུལ་གྱིས་ཁེ་ལས་དག་གིས་ཁྱད་ལྡན་ཐོན་རྫས་རིགས་11དང་སྣ་90ལྷག་བཤམས་པ་དང་།  དེའི་ཁྲོད་དུ་སེམས་ཀྱི་ཉི་ཟླའི་རག་དམར་དང་ཤིང་ཕོར།  ནས་ཆང་། ཇ། ཉི་ཤར་རྫ་ནག་སོགས་ཀྱི་ཐོན་རྫས་ལ་འཛད་སྤྱོད་པ་དང་ཡུལ་སྐོར་བའི་དགའ་བསུ་ཆེན་མོ་ཐོབ།  བདེ་ཆེན་གྱི་ཚོགས་ཞུགས་ཚོང་པ་དག་གིས་ཐོན་རྫས་ཕྱིར་འཚོང་བྱེད་པའི་དུས་མཚུངས་སུ་མགྲོན་པོ་དང་ལྟད་མོ་ལྟ་མཁན་ཚོ་ལ་བདེ་ཆེན་གྱི་ཡུལ་སྲོལ་གོམས་གཤིས་དང་བཟའ་བཏུང་རིག་གནས།  ས་ཁོངས་ཀྱི་ཁྱད་ཆོས་སོགས་མཚམས་སྦྱོར་བྱས་པ་རེད།

4.jpg

5.jpg

6.jpg

7.jpg

མགྲོན་པོ་དང་ཡུལ་སྐོར་བ་ཚོས་བདེ་ཆེན་གྱི་ཁྱད་ལྡན་ཐོན་རྫས་ལ་ལྟ་བཞིན་པ།

ཆ་ཚང་མིན་པའི་སྡོམ་རྩིས་ལྟར་ན།  བདེ་ཆེན་གྱི་ཁེ་ལས་དག་གིས་ཚོགས་ཞུགས་རིང་དུ་མགྲོན་པོ་མི་ཐེངས་ཁྲི་5ལྷག་སྣེ་ལེན་བྱས་པ་དང་།  ཡུལ་དངོས་སུ་ཕྱིར་འཚོང་དངུལ་གྲངས་ཁྲི་20ལྷག་ཟིན།  དེ་མིན་འདོད་ཕྱོགས་རང་བཞིན་གྱི་ཚོང་ཟོག་མཁོ་འདོན་གྲོས་མཐུན་མང་པོ་འཇོག་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།