ཐང་ལྷའི་རྒྱལ་སྒོ —— བོད་ལྗོངས་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་ཁུལ་གྱི་གྲས་ཤིག

5.jpg

timg.jpg

“ཐང་ལྷའི་རྒྱལ་སྒོ”དེ་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་ཕྱིང་ལུང་ཤང་གི་ས་ཁོངས་དང་གནམ་མཚོའི་བྱང་ངོས་ཀྱི་ཕྱག་རྡོ་ནམ་མཁར་གནས་ཡོད། གནམ་མཚོའི་ངོགས་དང་གཉན་ཆེན་ཐང་ལྷའི་ཁ་སྤྲོད་དུ་ངོ་མཚར་ལྷུན་གྱིས་གྲུབ་པས། ས་གནས་དེ་གའི་མང་ཚོགས་ཚོས་ཐང་ལྷའི་རྒྱལ་སྒོ་ཞེས་འབོད་པ་དང་དེ་ནི་གནས་རི་གཉན་ཆེན་ཐང་ལྷ་སྲུང་བའི་རྒྱལ་སྒོར་ངོས་འཛིན་བྱེད་ཀྱི་ཡོད། 2013ལོ་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ་ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་དང་འབྲེལ་བ་ཡོད་པ་དང་བོད་འཕེལ་རྒྱས་མྱུར་པོ་ཡོང་བར་གཅིག་འདོམས་བྱེད་པའི་འཐབ་ཇུས་གལ་ཆེན་ལ་བརྩིས་ནས། ངོས་འཛིན་དང་བཀོད་སྒྲིག་བྱས་པས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལ་འཕེལ་རྒྱས་མྱུར་པོ་བྱུང་ཡོད། 2018ལོར་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་འགན་འཁྲི་ཧུར་ཐག་འཁུར་བ་དང་། སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཧུར་ཐག་བསྐྲུན་པ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། ཡུལ་སྐོར་འཕེལ་རྒྱས་དང་སྣོད་བཅུད་སྲུང་སྐྱོང་ཕན་ཚུན་མཐུན་སྦྱོར་གང་ཐུབ་ཡོང་བ་བཅས་བྱ་ཆེད། རང་སྐྱོང་ལྗོངས་ཀྱིས་གནམ་མཚོ་རང་བྱུང་སྲུང་སྐྱོང་ཁུལ་གྱི་བར་ཁུལ་དང་། དཔལ་མགོན་རྫོང་ཁོངས་ཀྱི་ཐང་ལྷའི་རྒྱལ་སྒོའི་མཛེས་ལྗོངས་ཁུལ་གྱི་ལྗོངས་གཟིགས་སྒང་། ཡུལ་སྐོར་གཞུང་ལམ། རླངས་འཁོར་འཇོག་ས། ཡུལ་སྐོར་རྐང་ཐང་ལམ། གསང་སྤྱོད་སོགས་སུ་སྒྲིག་ཁྲིམས་ལས་འགལ་ནས་བསྐྲུན་པའི་ཡུལ་སྐོར་སྒྲིག་ཆས་མཐའ་དག་བློ་ཐག་གཙང་བཅད་ཀྱིས་བཤིག་པ་དང་། ཡུལ་སྐོར་ལས་སྒོ་མཐའ་དག་གསར་སྤེལ་བྱེད་མཚམས་བཞག་ནས་ཐང་ལྷའི་རྒྱལ་སྒོ་རང་བྱུང་དང་གདོད་མའི་རྣམ་པར་གནས་པར་བྱས་ཡོད།

2.jpg

ད་ཆ་ཐང་ལྷའི་རྒྱལ་སྒོ་སྔར་མུས་བཞིན་གནམ་མཚོའི་བྱང་ངོགས་སུ་འགྱིང་ངེར་གནས་པ་དང་། རང་བྱུང་ཁམས་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་ང་ཚོའི་མིག་ལམ་དུ་མངོན་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།