གཞིས་རྩེ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མང་ཚོགས་ལ་དྲིན་ཚོར་གྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དྲང་ནུས་འཕེལ་བར་བྱ་ཆེད། ཉེ་ཆར། གཞིས་རྩེ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུས་སྒྲུབ་འགན་ཁུར་བའི“ང་ཡི་དབུལ་སྒྲོལ་འགག་སྒྲོལ་གྱི་གཏམ་རྒྱུད”ཅེས་པའི་བརྗོད་དོན་གཙོ་བོའི་འགྲན་བསྡུར་བདེ་བླག་ངང་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱི་རྫོང(ཆུས)18ནས་ཡོང་བའི་ལས་རིགས་ཁག་གི་བདམས་ཐོན་པ་རིམ་པ་བཞིན་འདེམས་སྒྲུག་བྱས་པ་བརྒྱུད། མཐར་བདམས་ཐོན་པ20མཐའ་མའི་འགྲན་བསྡུར་ལ་ཚུད་ཡོད་པ་རེད། འགྲན་བསྡུར་བྱེད་རིང་། འགྲན་ཞུགས་བདམས་ཐོན་པ་ཚོས་ཟུར་ཚད་མི་འདྲ་བའི་སྒོ་ནས་རང་ཉིད་ཀྱིས་དངོས་སུ་སྒྲུབ་མྱོང་བའི་དོན་དག་དང་ཉེ་འགྲམ་གྱི་དོན་དག་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེ་བཞིན་གླེང་སྟེ་དུས་སྐབས་གསར་པའི་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོའི་གཟུགས་བརྙན་བཟང་པོ་མངོན་པར་བྱས་པས་དེ་ཁུལ་གྱི་ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།