སྐབས་གསུམ་པའི་ཀླུ་ནང་ཀོང་པོའི་རྫི་གླུ་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་འགོ་ཚུགས་པ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས10ཉིན་གྱི་སྔ་དྲོར། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་མཛེས་ལྗོངས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཀླུ་ནང་གྲོང་རྡལ་སྲིད་གཞུང་གིས་གཙོ་གཉེར་བྱས་པའི“སྐབས་གསུམ་པའི་ཀླུ་ནང་ཀོང་པོའི་རྫི་གླུ་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན”ཀླུ་ནང་གྲོང་རྡལ་དུ་སྤེལ་འགོ་བརྩམས་པ་རེད། 

4.jpg

ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་ཟླ8པའི་ཚེས10ཉིན་ནས་ཟླ8པའི་ཚེས13ཉིན་བར་སྤེལ་རྒྱུ་ཡིན་ལ། དེའི་རིང་ཀོང་པོའི་སྲོལ་རྒྱུན་རིག་གནས་འགྲེམ་སྟོན་དང་། ཀོང་པོའི་མདའ་འཕེན་འགྲན་བསྡུར། རྟ་རྒྱུག་འགྲན་བསྡུར། དམངས་སྲོལ་ལུས་རྩལ།  མེ་ཕུང་སྐོར་བྲོ་དགོང་ཚོགས། མི་སྟོང་གི་རྡོ་ཁོག་གསོལ་སྟོན་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། 

2.jpg

ཀླུ་ནང་མཛེས་ལྗོངས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་བསྟན་འཛིན་ལྷ་མོས་རིག་གནས་ཡུལ་སྐོར་དུས་ཆེན་འདི་སྤེལ་པའི་དམིགས་ཡུལ་ནི་དམངས་སྲོལ་རིག་གནས་བྱེད་སྒོ་དག་རིམ་བཞིན་རིག་གནས་ཡུལ་སྐོར་ཐོན་རྫས་སུ་འགྱུར་བ་བྱས་ཏེ་ཡུལ་སྐོར་བ་ཀླུ་ནང་དུ་ཡོང་ནས་མཛེས་ལྗོངས་རོལ་མྱོང་ཐུབ་པ་མ་ཟད། ད་དུང་ཟ་འཐུང་རོལ་རྩེད་སོགས་ཕྱོགས་མང་པོའི་ཐད་ནས་དམངས་སྲོལ་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་བྱ་རྒྱུ་དེ་ཡིན་ཟེར། 

3.jpg

རྒྱུས་ལོན་པ་ལྟར་ན། ཀླུ་ནང་ཀོང་པོའི་རྫི་གླུ་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་ལ་གཉེར་བ་དང་ད་ལོའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཞུགས་མཁན་མི་ཐེངས་ཁྲི5ཙམ་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།