​བདེ་ཐང་དབུལ་སྐྱོར་ལ་བརྟེན་ནས་བོད་ལྗོངས་ཀྱི་མི་ཁྲི5ལྷག་ལ་དབུལ་ཐར་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མཁོ་འདོན་བྱས་པའི་གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། བོད་ལྗོངས་ཀྱི“ནད་ཀྱིས་དབུལ་པོར་ལོག་པ་དང་། ནད་ཀྱིས་དབུལ་པོར་བསྐྱར་ལོག”བྱས་པའི་དབུལ་ཕོངས་མི་འབོར2016ལོའི་མི་ཁྲི6.34ནས་མི་ཁྲི1.18ལ་བབས་པ་དང་། ཉེ་བའི་ལོ་འགའི་རིང་ལ་བོད་ལྗོངས་ཀྱིས་བདེ་ཐང་དབུལ་སྐྱོར་ལ་བརྟེན་ནས་དབུལ་ཕོངས་མི་འབོར་ཁྲི5ལྷག་ཙམ་ཉུང་དུ་ཕྱིན་པ་རེད། 

ལོ་མང་པོའི་རིང་ལ་བོད་ལྗོངས་ཀྱིས་རིམ་པ་སོ་སོའི་སྨན་བཅོས་འཕྲོད་བསྟེན་སྡེ་ཚན་རྩ་འཛུགས་བྱས་ཏེ་ནད་ཆེན་དང་། དལ་བའི་རང་བཞིན་གྱི་ནད། ནད་རིགས་ལྗིད་མོ་བྱུང་ཡོད་པའི་དབུལ་ཕོངས་ནད་པར་ཕྱོགས་ཀུན་ནས་བརྟག་དཔྱད་བརྒྱུད་དེ་རིགས་དབྱེ་ནས་སྨན་བཅོས་བྱས་པ་རེད། གཞི་གྲངས་གསར་བ་ལས་མངོན་པ་བཞིན་བོད་རང་སྐྱོང་ལྗོངས་ཀྱིས་ནད་ཆེན་བྱུང་ཡོད་པའི་ནད་པ3746ལ་སྨན་བཅོས་བྱས་པས་སྨན་བཅོས་བྱེད་ཚད94.2%ཟིན་པ་དང་། ཁྲག་ཤེད་མཐོ་བའི་ནད་དང་གཅིན་པ་མངར་གྱུར་སོགས་ཀྱི་དལ་བའི་རང་བཞིན་གྱི་ནད་ཕོག་པའི་ནད་པ16699ལ་སྨན་བཅོས་བྱས་པས་སྨན་བཅོས་བྱེད་ཚད97.4%ཟིན་པ་རེད། ཐེངས་གཅིག་ལ་སྨན་བཅོས་བྱེད་མི་ཐུབ་པ་དང་སྨན་བཅོས་འགྲོ་རིན་ཤིན་ཏུ་མཐོ་བའི་ནད་གཞི་ལྕི་མོ་ཕོག་པའི་ནད་པ1136ལ་སྨན་བཅོས་བྱས་པས་སྨན་བཅོས་བྱེད་ཚད97.4%ཟིན་ཡོད། 

མིག་སྔར་བོད་ལྗོངས་སུ་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་རྨང་གཞིར་བཟུང་ནས་ནད་ཆེན་ཉེན་འགོག་ཁ་གསབ་དང་སྨན་བཅོས་རོགས་སྐྱོབ་མཐིལ་འདེགས་ཀྱི་རིམ་པ་མང་བའི་སྨན་བཅོས་འགན་སྲུང་ལམ་ལུགས་ཤིག་གྲུབ་ཡོད་པ་དང་། དེའི་ནང་ཞིང་འབྲོག་ཁུལ་སྨན་བཅོས་ལམ་ལུགས་ཀྱི་སྲིད་ཇུས་ཁེབས་ཚད་དང་ཉེན་འགོག་བྱེད་པའི་ཚད100%ཟིན་པ་དང་།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་སྒེར་གྱི་མ་དངུལ་གྲབས་གསོག་གི་ཆ་ཤས་དེ་རྫོང་རིམ་པའི་སྲིད་གཞུང་གི་ནོར་སྲིད་ཀྱིས་ཁ་གསབ་རྒྱག་རྒྱུ་དང་། ཞིང་འབྲོག་ཁུལ་སྨན་བཅོས་ལམ་ལུགས་ཀྱིས་དབུལ་ཕོངས་ས་ཁུལ་གྱི་སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བ་དང་། ཕྲུ་གུའི་མྱུར་སྐྱོབ་བྱེད་པའི་འགྲོ་གྲོན100%རྩིས་ཞུ་ཁ་གསབ་བྱ་རྒྱུ་རེད། 

ད་ལོར་བོད་ལྗོངས་ཀྱིས་ནད་ཆེན་ཆེད་དོན་སྨན་བཅོས་ཐད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། སྔར་ཡོད་ཀྱི་ནད་རིགས་རྨང་གཞིའི་ཐོག་ནད་རིགས33བར་ཇེ་མང་དུ་བཏང་ནས་མང་ཚོགས་ལ་ཤུགས་རྐྱེན་ཐེབས་པའི་ནད་རིགས་ཚང་མ་ཆེད་དོན་སྨན་བཅོས་ཀྱི་ཁྱབ་ཁོངས་ནང་འཇོག་པར་བརྩོན་ལེན་བྱེད་པ་མ་ཟད། དབུལ་ཕོངས་མི་སྒེར་གྱི་སྨན་བཅོས་འགྲོ་གྲོན་སྤྲོད་པའི་བསྡུར་ཚད་དམའ་རུ་གཏོང་རྒྱུ་དང་།  ཆབས་ཅིག་ཏུ་དབུལ་ཕོངས་ས་ཁུལ་གྱི་རྫོང་གི་སྨན་ཁང་དང་བོད་སྨན་ཁང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།