བོད་ཀྱིས་དཔེ་རྙིང་གི་ཡི་གེ་གསོན་པར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ཀྱི་དཔེ་རྙིང་གྲངས་གཞི་ཅན་གྱི་ཆེད་ལས་གསོ་སྦྱོང་འཛིན་གྲྭ་ཐོག་མ་དེ་ལྷ་སར་སློབ་མཇུག་འགྲིལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱིས་དཔེ་རྙིང་གྲངས་གཞི་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་བཏང་བ་དང་ཆབས་ཅིག“དཔེ་རྙིང་མཉམ་སྤྱོད་གྲངས་གཞིའི་མཛོད”སྐྲུན་འགོ་ཚུགས་ཡོད་པ་རེད།

ད་ཐེངས་ཀྱི་གསོ་སྦྱོང་ནི་བོད་ཀྱི་དཔེ་རྙིང་ཡོངས་བཤེར་མཇུག་འགྲིལ་དུས་སྐབས་སུ་གཉེར་བ་ཞིག་རེད། དུས་ཡུན་ཉིན་5ཡི་གསོ་སྦྱོང་ནང་རྒྱལ་ཁབ་དཔེ་མཛོད་ཁང་གྲངས་གཞི་ཅན་གྱི་རིགས་གཅིག་མཁས་ཅན་དང་རྒྱལ་ནང་གི་བོད་ཡིག་དཔེ་རྙིང་གྲངས་གཞི་ཅན་གྱི་རིགས་གཅིག་མཁས་ཅན་སོགས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གྱིས་དཔེ་རྙིང་སྲུང་སྐྱོང་གི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་མིག་སྔའི་དཔེ་རྙིང་གྲངས་གཞི་ཅན་གྱི་འཕེལ་རིམ་དང་། བསམ་གཞིག རྒྱལ་ཁབ་དཔེ་མཛོད་ཁང་གྲངས་ཉུང་མི་རིགས་ཀྱི་ཚད་ལྡན་ཡིག་ཆ་གྲངས་གཞི་ཅན་གྱི་ལས་ཀའི་གནས་ཚུལ་སོགས་ཀྱི་ཐད་ནས་སློབ་ཚན་འཁྲིད་པ་རེད

བོད་ལྗོངས་སློབ་ཆེན་དཔེ་མཛོད་ཁང་བོད་ཡིག་ཚད་ལྡན་ཡིག་ཆ་ཁང་གི་ཚགས་གཉེར་ཆེ་མོ་བ་གཞོན་པ་མིག་ཚེས“ད་ཐེངས་ཀྱི་གསོ་སྦྱོང་ནི་བོད་ཀྱིས་དཔེ་རྙིང་གྲངས་གཞིའི་ཐོན་ཁུངས་འཛུགས་སྐྲུན་མགྱོགས་སུ་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་ཞིང་། དེས་དཔེ་རྙིང་སྲུང་སྐྱོང་མི་སྣའི་དཔེ་རྙིང་གྲངས་གཞི་ཅན་གྱི་རིགས་པའི་གཞུང་ལུགས་དང་རྨང་གཞིའི་ཤེས་བྱ་བརྟན་དུ་ནུས་ལྡན་གཏོང་ཐུབ་ལ་བོད་ཀྱི་དཔེ་རྙིང་གྲངས་གཞི་ཅན་གྱི་ལས་དོན་དེ་བས་ཚན་རིག་དང་མཐུན་པ་དང་། ཚད་དང་ལྡན་པ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་སྤེལ་རྒྱུར་རྨང་གཞི་འདིང་ཐུབ”ཅེས་བཤད་པ་རེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།