2019ལོའི“རྒྱུད་གཅིག་ལམ་གཅིག”གི་ཀྲུང་གོའི་ལྷ་སའི་རྒྱལ་སྤྱིའི་བྲག་འཛེག་མཁས་ཅན་འགྲན་བསྡུར་འགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི“རྒྱུད་གཅིག་ལམ་གཅིག”གི་ཀྲུང་གོའི་ལྷ་སའི་རྒྱལ་སྤྱིའི་བྲག་འཛེག་མཁས་ཅན་འགྲན་བསྡུར་དེ་ཚེས10ཉིན་བོད་ལྗོངས་ལྷ་སའི་ཧི་མ་ལ་ཡ་རི་འཛེག་སྣེ་ཁྲིད་སློབ་གྲྭ་ནས་འགོ་བརྩམས། འཛམ་གླིང་ས་གནས་ཁག་ནས་ཡོང་བའི་བྲག་འཛེག་བདམས་ཐོན་པ་དག་གངས་ལྗོངས་མཐོ་སྒང་དུ་མཉམ་འཛོམས་ཀྱིས་བྲག་ལྡེབས་སུ་འཛེག་པའི་འགྲན་བསྡུར་བྱས་པ་རེད། 

ད་ཐེངས་ཀྱི་འགྲན་བསྡུར་དེ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་དང་། ཀྲུང་གོ་རི་འཛེག་མཐུན་ཚོགས། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུའུ་དང་བོད་རང་སྐྱོང་ལྗོངས་ལུས་རྩལ་སྤྱི་ཁྱབ་ཚོགས་པས་གཙོ་གཉེར་བྱས་པ་རེད། དེས་ཀྲུང་གོ་དང་། ཉི་ཧོང་། ཨུ་རུ་སུ། ཨེ་ཁྭ་ཏོར་སོགས་ནས་ཐོན་པའི་རྒྱལ་ཁབ་དང་ས་ཁུལ་11གི་བདམས་ཐོན་པ་42འགྲན་བསྡུར་ནང་ཞུགས་ཡོད། བྲག་འཛེག་མྱུར་ཚད་འགྲན་བསྡུར་གྱི་འཛམ་གླིང་གི་ཨང་དང་པོ་ཐོབ་མཁན་ནམ་ཀྲུང་གོའི་བདམས་ཐོན་པ་ཧུ་ཚོས་ལེན། འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་མཁན་དང་ཉི་ཧོང་གི་བདམས་ཐོན་པ་ཀུའེ་ཐའེ་སོགས་ཀྱིས་ཉིན་གཉིས་ཀྱི་དུས་ཚོད་ནང་སྐྱེས་པ་དང་བུད་མེད་ཀྱི་བྲག་འཛེག་དང་དཀའ་ཚེགས་ཆེ་བའི་རྣམ་གྲངས་4ལ་ཞུགས་རྒྱུ་ཡིན་པ་རེད། 

                                                                             ཟླ་7ཚེས་10ཉིན་ལུས་རྩལ་པ་ཞིག་སྐྱེས་པའི་དཀའ་ཚད་ཆེ་བའི་གྲ་སྒྲིག་འགྲན་བསྡུར་ནང་ཞུགས་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

ལྷ་སའི་ས་བབ་མཐོ་ཚད་སྨི་3650ཟིན་པས་ས་མཐོའི་འགྲན་བསྡུར་གྱིས་ལུས་རྩལ་པའི་ལུས་ཕུང་གི་གནས་ཚུལ་ལ་ཐེབས་པའི་ཤུགས་རྐྱེན་ལ་གཞིགས་ནས་འགྲན་བསྡུར་ནང་མྱུར་ཚད་འགྲན་བསྡུར་གྱི་རྣམ་གྲངས་བཞག་མེད། ཚེས་10ཉིན་གྱི་སྔ་དྲོར་ཐོག་མར་སྐྱེས་པ་དང་བུད་མེད་ཀྱི་དཀའ་ཚད་འགྲན་བསྡུར་གྱི་གྲ་སྒྲིག་འགྲན་བསྡུར་བྱས་པ་རེད། བདམས་ཐོན་པ་མང་པོ་ཞིག་གིས་ལམ་ཐིག་ཇུས་འགོད་ཀྱི་དཀའ་ཚད་འོས་འཚམ་ཡིན་མོད། འོན་ཀྱང་ས་བབ་མཐོ་བའི་ཁོར་ཡུག་གི་རྐྱེན་གྱིས་སྔར་བཞིན་དབུགས་ལེན་སྟངས་དང་འཛེག་སྟངས་ལེགས་སྒྲིག་བྱེད་དགོས་པར་བསྟན། འགྲན་བསྡུར་བྱ་ཡུལ་དུ་སྨན་བཅོས་ཁུལ་བཙུགས་ཡོད་པས་འགྲན་ཞུགས་པས་དགོས་མཁོ་ཡོད་དུས་དབྱང་རླུང་རྔུབ་ཆོག་པ་རེད།  

འགྲན་བསྡུར་ལག་རྩལ་པའི་འཐུས་མིའམ་ཀྲུང་གོ་རི་འཛེག་མཐུན་ཚོགས་བྲག་འཛེག་པུའི་འགྲན་བསྡུར་དོ་དམ་པ་ཝང་ཆིན་ཧྥུའུ་ཡིས་2019ལོའི“རྒྱུད་གཅིག་ལམ་གཅིག”གི་ཀྲུང་གོའི་རྒྱལ་སྤྱིའི་བྲག་འཛེག་མཁས་ཅན་གྱི་འགྲན་བསྡུར་ལ་ས་ཚིགས་4བཙུགས་ཡོད་པ་དང་། ལྷ་ས་ནི་ས་ཚིགས་གཉིས་པ་ཡིན་པ་དང་དེ་རྗེས་གཏེར་ལེན་ཁ་དང་ཝན་ཤན་ཧྲན་གྱི་ས་ཚིགས་གཉིས་སུ་འགྲན་བསྡུར་ཡོད་ཅེས་ངོ་སྤྲོད་བྱས་པ་མ་ཟད། 2018ལོར“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་བམ་ཡང་ན་“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་རྒྱལ་ཁབ་ཀྱི་ལུས་རྩལ་པ་ཀྲུང་གོར་ཡོང་བའི་དམིགས་ཡུལ་ནི་བྲག་འཛེག་འགྲན་བསྡུར་བརྒྱུད་རྒྱལ་ཁབ་མི་འདྲ་བའི་ལུས་རྩལ་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་དམིགས་ཡུལ་ཡིན་ཅེས་བཤད།

   ཟླ་7པའི་ཚེས་10ཉིན། འཁྲབ་སྟོན་པས་འགོ་ཚུགས་མཛད་སྒོའི་ཐོག་འཁྲབ་སྟོན་བྱས། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་རུའུ་ཧྥུན་གྱིས། 

  “བོད་ལྗོངས་ཀྱི་རི་འཛེག་ལུས་རྩལ་ལ་ལོ་རྒྱུས་གཏིང་ཟབ་ལྡན་པ་མ་ཟད། ཡང་གཅིག་བཤད་ན་བྲག་འཛེག་ནི་རི་འཛེག་ལས་བྱུང་བའི་ལུས་རྩལ་གྱི་རྣམ་གྲངས་ཤིག་ཡིན་ཞིང་། ང་རང་གིས་མ་འོངས་པར་བོད་ལྗོངས་ནི་བྲག་འཛེག་འགྲན་བསྡུར་བྱེད་སའི་གནས་མཆོག་ཤིག་ཏུ་འགྱུར་བར་ཡིད་ཆེས་ཆེན་པོ་བཅིངས་ཡོད། ”ཅེས་འགྲན་ཞུགས་པ་ཁྲུང་ཆིང་རྒྱལ་ཁབ་སྦྱོང་བརྡར་རུ་ཁག་གི་རུ་མི་མཱ་ཙི་ཏ་ཡིས་བཤད་པ་རེད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།