བོད་ལྗོངས་ཀྱིས་འདམ་ར་སྲུང་སྐྱོང་མ་ལག་བཙུགས་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ་བོད་ལྗོངས་ཀྱིས་མུ་མཐུད་དུ་འདམ་ར་སྲུང་སྐྱོང་མ་ལག་འཛུགས་སྐྲུན་ཐད་སྐུད་འདེད་བཏང་བས། མིག་སྔར་རང་བྱུང་སྲུང་སྐྱོང་ཁུལ་གཙོ་བོར་བཟུང་སྟེ། རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་དང་། རྒྱལ་སྤྱིའི་འདམ་ར་གལ་ཆེན། རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་སོགས་ཀྱི་རྣམ་པ་མང་པོའི་འདམ་ར་སྲུང་སྐྱོང་མ་ལག་བཙུགས་ཡོད་པ་རེད། 

བོད་ལྗོངས་ཀྱི་འདམ་ར་ནི་མཚོ་བོད་མཐོ་སྒང་གི“སྐྱེ་དངོས་རིགས་ཀྱི་བང་མཛོད”དང་དབྱང་རླུང་མཁོ་སྤྲོད་ཁུངས་གཙོ་བོ་ཡིན་པ་མ་ཟད།  དེ་ལས་བྱུང་བའི་གཙང་བོ་ནི་འབབ་རྒྱུད་ཀྱི་སྐྱེ་ཁམས་མ་ལག་གི“དོ་མཉམ་ཆས”དང“སྙོམས་སྒྲིག་ཆས”གལ་ཆེན་ཞིག་ཀྱང་ཡིན་པས་རང་རྒྱལ་གྱིས་སྐྱེ་ཁམས་བདེ་འཇགས་སྲུང་རགས་འཛུགས་པའི་ཐད་ནུས་པ་ཆེན་པོ་ཐོན་ཡོད། 

བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། མིག་སྔར་བོད་ལྗོངས་སུ་བསྡོམས་པས་རིགས་སོ་སོའི་འདམ་ར་སྤྱི་ཆིང650ལྷག་ཙམ་ཡོད་པ་དང་རང་རྒྱལ་ཀྱི་ཞིང་ཆེན་སོ་སོ་དང་གྲོང་ཁྱེར་ཀྱི་ཨང་གཉིས་པ་ཟིན་ཡོད་ལ། མ་ཕམ་གཡུ་མཚོ་དང་། སྨི་ཊི་ཁ། སེར་གླིང་མཚོ་བཅས་འདམ་ར3ནི་རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་མིང་གཞུང་ནང་ཚུད་ཡོད་པ་དང་། འདམ་ར13རྒྱལ་ཁབ་རིམ་པའི་འདམ་ར་གཙོ་བོའི་མིང་གཞུང་ནང་ཚུད་ཡོད། 

གཞན་ད་དུང་ར་འོག་མཚེའུ་སོགས་འདམ་རའི་རིགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ15དང་རྡོ་ཆེན་མཚོ་སོགས་རྒྱལ་ཁབ་འདམ་རའི་སྤྱི་གླིང22(ཚོད་ལྟ་ཁུལ་འདུས་པ)བཙུགས་ཡོད་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།