​ལྷོ་ཁ་གྲོང་ཁྱེར་གྱིས་སྲོལ་རྒྱུན་ལག་རྩལ་ལ་བརྟེན་ནས་མང་ཚོགས་ལ་འབབ་འཕར་ཡོང་ཐབས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་ལྷོ་ཁ་གྲོང་ཁྱེར་གྱིས་མངོན་མིན་རིག་གནས་ཤུལ་བཞག་སྟེ་སྲོལ་རྒྱུན་ལག་རྩལ་གྱི་ལེགས་ཆ་དེ་སྲིད་ཇུས་ཀྱི་ལེགས་ཆ་དང་རྣམ་གྲངས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ནས“མངོན་མིན་རིག་གནས་ཤུལ་བཞག+དབུལ་སྐྱོར”གྱི་ལས་དོན་སྤེལ་སྟངས་ཤིག་འཚོལ་ཞིབ་བྱས་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་ཚུལ་ཁྲིམས་བོད་སྤོས་བཟོ་རྩལ(ཚུལ་ཁྲིམས་ཞིང་ལས་ཐོན་རྫས་ལས་སྣོན་ཆེད་ལས་མཉམ་ལས་ཁང)ལ“བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི”ཡི་མཚན་སྙན་ཐོབ་པ་དང་། ལས་མིའི་གླ་ཆ་སྒོར་ཁྲི30དོན་འཁྱོལ་བྱས་ཤིང་། དུད་ཚང་དབུལ་པོར་ཁེ་སྤོགས་སྒོར་ཁྲི4བགོས་ཡོད། རྩེད་ཐང་འཁེལ་འཐག་ལག་རྩལ(སྣེ་གདོང་ཆུས་མི་རིགས་འཁེལ་འཐག་ཆེད་ལས་མཉམ་ལས་ཁང)ལ་བརྟེན་ནས་ཡོང་འབབ་སྒོར་ཁྲི540བཏོད་པ་དང་མང་ཚོགས་དབུལ་པོ13གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད། མིག་སྔའི་བར། ལྷོ་ཁ་གྲོང་ཁྱེར་དུ་མི་རིགས་ལག་ཤེས་བཟོ་ལས་ཁེ་ལས(མཉམ་ལས་ཁང)117ཡོད་པའི་ནང་ཁེ་ལས36དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང81ཡོད། མི་རིགས་ལག་ཤེས་བཟོ་ལས་ཀྱི་ལོ་འཁོར་གཅིག་གི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ལས་བརྒལ་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།