བོད་རང་སྐྱོང་ལྗོངས་ཀྱི“རིག་གནས་དང་རང་བྱུང་གི་ཤུལ་བཞག་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོ་རྩེད་ཐང་གྲོང་རྡལ་དུ་སྤེལ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་སྔར་བས་ཡག་པོ་བྱ་ཆེད། ཉིན་ཤས་གོང་། “མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་ཀྲུང་གོའི་ལག་ལེན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལྗོངས་ཡོངས་ཀྱི“རིག་གནས་དང་རང་བྱུང་གི་ཤུལ་བཞག་ཉིན་མོའི”དྲིལ་བསྒྲགས་འགྲེམས་འཁྲབ་བྱེད་སྒོ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་རྡལ་དུ་སྤེལ་འགོ་ཚུགས་པ་རེད།

བྱེད་སྒོའི་ཐོག རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ནས་ཕུལ་དུ་བྱུང་བའི་བོད་ཀྱི་རིག་གནས་རྒྱུན་འཛིན་ཡག་པོ་བྱས་ཏེ་རིག་གནས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས་པ་དང་། རིག་གནས་དང་རང་བྱུང་གི་ཤུལ་བཞག་སྲུང་སྐྱོབ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། རང་རྟོགས་དང་གདེང་ཚོད་རྒྱུན་ཆད་མེད་པར་ཆེ་རུ་དང་འགན་འཁྲི་འཁུར་སེམས་ཤུགས་ཆེར་བཏང་སྟེ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་སྐོར་གྱི་ལེའུ་གསར་པ་ཟམ་མི་ཆད་པར་བརྩམས་ནས། མངོན་མིན་རིག་གནས་ཤུལ་བཞག་མཛེས་སྡུག་ལྡན་པའི་འཚོ་བ་དང་ཁྱིམ་གཞིས་འཛུགས་སྐྲུན་དང་འདྲེས་པར་བྱས་ཏེ་གསོན་ཤུགས་གསར་པ་འཕེལ་བ་དང་འཕེལ་རྒྱས་གསར་པར་སྐུལ་འདེད་ཐེབས་པར་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།