བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་དོན་སྤེལ་ཚུན།  རང་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད།  མཐོ་རིམ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཐར་པར་གཏན་ནས་མི་གཏོང་བའི་ལས་ཀའི་རྣམ་འགྱུར་བཅངས་ཐོག  སྣང་ཆེན་དྲུག་ལ་དམིགས་ཏེ་གྱོད་གཞི་གཉེར་སྒྲུབ་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས།  ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་དོན་ཏན་ཏིག་སྤེལ་ཡོད།  འབྲེལ་ཡོད་གྱོད་གཞི་གཉེར་སྒྲུབ་ལ་ཆེད་ལས་ཅན་གྱི་འདེགས་སྐྱོར་ནུས་ལྡན་བྱེད་ཆེད།  ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལས་སྒོའི་རྐང་འཛིན་པ་འདེམས་མངག་བྱས་ནས་ཆེད་དོན་འཐབ་རྩོད་གྱོད་གཞི་གཉེར་སྒྲུབ་ཚོགས་པ93བཙུགས་ཡོད།  ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས82ལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་དང་གཞུང་ལས་ཁང་བཙུགས་པ་མ་ཟད།  ལས་ཀའི་དམིགས་འཛུགས་ཚན་པ་བཙུགས་པ་དང་ཞིབ་དཔྱོད་དཔོན་ནི་ཆེད་དོན་འཐབ་རྩོད་ཀྱི་འགན་འཁུར་བ་དང་པོ་ཡིན་པ་གསལ་སྟོན་བྱས་ཡོད། 

ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ནས་འགག་རྩའི་དོན་དངོས་དང་དཔང་རྟགས་གལ་ཆེན་དང་དམ་པོར་བསྟུན་ཏེ།  སྤྱི་བདེ་ལས་ཁུངས་དང་མཉམ་དུ་ཉེས་མིན་གཏན་འཁེལ།  དཔང་རྟགས་ཚད་གཞི་སོགས་ཀྱི་དོགས་གནས་དང་དཀའ་གནད་ཐག་གཅོད་བྱེད་རྒྱུར་ཞིབ་འཇུག་གྲོས་མོལ་ཧུར་ཐག་བྱས་ནས་གྱོད་གཞི་གཞུང་དྲང་ངང་ཐག་གཅོད་བྱས་ཡོད།  གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཐོག་ལྗོངས་ཡོངས་སུ་གྲོང་ཁྱེར(ས་ཁུལ)བདུན་གྱི་མྱུལ་ཞིབ་ལས་ཁུངས་ནས་ཆེད་དོན་འཐབ་རྩོད་ལས་དོན་སྤེལ་ཚུན།  ནག་གཤེད་ཉེས་གསོག་གྱོད་གཞི་དང་འབྲེལ་བ་ཡོད་པའི་གྱོད་དོན39ཐག་གཅོད་དང་མི138འཛིན་བཟུང་བྱེད་རྒྱུའི་རེ་ཞུ་འཕུལ་བ་དང་།  ཞིབ་བཤེར་ཞུ་སྦྱོར་བྱེད་རྒྱུར་འཕུལ་བའི་གྱོད་གཞི33དང་འབྲེལ་བ་ཡོད་པའི་མི127ལ་ཕྱོགས་ཡོངས་ནས་བརྟག་ཞིབ་བྱས་པ་དང་།  དེའི་ནང་མྱུལ་ཞིབ་ལས་ཁུངས་དབར་དང་ངོ་བོ་གཏན་འཁེལ་གྱི་གྱོད་གཞིར་ཕྱོགས་ཡོངས་ནས་བསྐྱར་ཞིབ་བྱས་ཏེ་ཁྲིམས་ལྟར་རྡུང་རྡེག་གཏོང་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།