ལྷ་ས་གྲོང་ཁྱེར་གྱིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་བྱ་སྤྱོད་སྤེལ་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཚེས23ཉིན། ལྷ་ས་གྲོང་ཁྱེར་གྱི2019ལོའི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་བྱ་སྤྱོད་སྤེལ་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སུ་འཚོགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ནག་སེལ་གཤེད་བཅོམ་དང་འབྲེལ་བའི་གྱོད་གཞི6རྩད་ཆོད་པར་ཉེས་དོན་ཉེན་རྟོག་གི་གནས་ཚུལ་དུས་མཚུངས་ལས24.3%ཆག་སྟེ་སྤྱི་ཚོགས་ཀྱི་བདེ་འཇགས་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་པ་དང་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་བདེ་འཇགས་ཚོར་སེམས་ཟམ་མི་ཆད་པར་ཆེ་རུ་སོང་ཡོད།

ཆེད་དོན་འཐབ་རྩོད་སྤེལ་རྒྱུར་སྐུལ་མ་ཤུགས་ཆེན་གཏོང་ཆེད་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་འབྲེལ་ཡོད་ཀྱི་ཇུས་གཞི་བཟོ་བ་དང་ཆེད་མངགས་ཞིབ་འཇུག་བཀོད་སྒྲིག་བྱེད་ཀྱི་ཡོད། ཁོངས་གཏོགས་ཁུལ་དང་། ཁེ་ལས། རོལ་རྩེད་ཁང་སོགས་སུ་འཚམས་འདྲིར་བསྐྱོད་དེ་ནག་སེལ་གཤེད་བཅོམ་དང་འབྲེལ་བའི་ཁུངས་སྣེ་རྒྱ་ཁྱབ་ངང་བསྡུ་རུབ་དང་གྲལ་བཤེར་བྱས་ཡོད། མིག་སྔའི་བར། གྲོང་ཁྱེར་སྤྱི་བདེ་ཅུས་ནག་སེལ་གཤེད་བཅོམ་གཞུང་ལས་ཁང་ལ་རིགས་ཁག་གི་ཁུངས་སྣེ67འབྱོར་བ་ནས11བསྒྲུབས་ཟིན། བདེ་འཇགས་ཟང་ཟིང་གི་རོལ་རྩེད་ཁང་དང་བོགས་གཏོང་ཁང་པ་སོགས་སུ་གཙང་སེལ་བྱས་ནས་དོགས་གཞི་ཡོད་པའི་འཁོར་རིགས3800ལྷག་ཙམ་ལ་གྲལ་བཤེར་བྱས་པ་དང་སྦྲགས། དོགས་གཞི་ཆེན་པོ་ཡོད་པའི་འཁོར་རིགས170ལྷག་ཙམ་ལ་པར་བརྒྱབ་པ་མ་ཟད། “ཆགས་སྲེད་དང། རྒྱན་འགྱེད། དུག་འཐེན”སོགས་སྤྱི་ཚོགས་ཀྱི་སྐྱུག་བྲོ་བའི་སྣང་ཚུལ་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།