ཉིང་ཁྲིར་ལས་ཞུགས་ལས་གཏོད་ཀྱི་རྣམ་པ་ཧ་ཅང་ལེགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་སྤྱི་ཟླ4པའི་བར།  ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་ཚད་མི་གྲངས961བར་མང་དུ་ཕྱིན་ཏེ་དམིགས་ཚད་ལས་འགན་གྱི24%ལེགས་གྲུབ་བྱུང་བ་དང་།  གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད2.2%ནང་ཚུན་དུ་ཚོད་འཛིན་ཐུབ་པ།  ཞིང་འབྲོག་ཁུལ་དུ་མི་ཐེངས་ཁྲི1.4127ངལ་ནུས་སྤོ་འགྱུར་བྱུང་བ།  ཞིང་འབྲོག་མང་ཚོགས9371སྤོ་འགྱུར་ལས་ཞུགས་ཐུབ་སྟེ་སྤོ་འགྱུར་ལས་ཞུགས་བརྒྱུད་ཡོང་འབབ་སྒོར་ཁྲི་ཚོ2709ཟིན་པ།  གྲོང་ཁྱེར་དེ་ཡོངས་སུ་གསར་དུ་ལས་གཏོད་བྱེད་མཁན་མི་གྲངས35ཟིན་ནས་མི86ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་པ་བཅས་བྱུང་ཡོད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།