ནག་ཆུ་གྲོང་ཁྱེར་གྱིས་དབུལ་སྒྲོལ་ལས་འགན་ལ་དམིགས་པ་དང་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུར་བརྟེན་ནས་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་ནག་ཆུ་གྲོང་ཁྱེར་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར། འདི་ལོ་ནག་ཆུ་གྲོང་ཁྱེར་གྱིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ལ་གཞིགས་ནས“དུད་ཚང་དབུལ་པོ9298ཀྱི་མི་གྲངས39216ཉུང་དུ་གཏོང་རྒྱུ་དང་། གྲོང་ཚོ(གྲོང་ལྷན)དབུལ་པོ་369དབུལ་པོའི་གནས་ལས་བསྒྲལ་རྒྱུ། གསེར་ཉི་དང་། སྦྲ་ཆེན། ཤན་རྩ། ཉི་མ། མཚོ་གཉིས་བཅས་རྫོང(ཆུས)5དབུལ་ཞྭ་འཕུད་ཐུབ་པ་བྱ་རྒྱུ”བཅས་ཀྱི་ལས་འགན་ལེགས་སྒྲུབ་བྱ་རྒྱུ་དང་དབུལ་སྐྱོར་ཐོན་ལས་འཛུགས་སྐྱོང་དང་། ལས་ཞུགས་གཞན་སྒྱུར། དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་གསོ་སྦྱོང་སོགས་གཙོ་གནད་ལས་དོན་ལ་དམིགས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་རེད།

འདི་ལོའི་ལོ་འགོར། ནག་ཆུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཞིང་འབྲོག་པའི་འབབ་འཕར་དང་ལས་ཞུགས་གཞན་སྒྱུར་གྱི་འགོ་ཁྲིད་ཚོགས་ཆུང་དང་ལས་དོན་གྱི་ཆེད་ཚན་ཁག་བཙུགས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་དང་། འཆར་འགོད་ལག་བསྟར་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་བ་དང་སྲིད་གཞུང་གིས་ཞབས་འདེགས་ཞུ་བ་དང་། ཁེ་ལས་ཀྱིས་བསྡུ་བ། རང་བརྟེན་ལས་ཞུགས་སོགས་ཀྱི་བྱེད་ཐབས་བརྒྱུད། ཕྱོགས་སྐྱོད་ངལ་ནུས་ཚང་མ་ལས་ཞུགས་གཞན་སྒྱུར་ཧུར་ཐག་ཐུབ་པ་བྱས་པ་རེད། མིག་སྔར“མཛོད་གཅིག་དེབ་དྲུག”འཐུས་སྒོ་ཚང་དུ་བཏང་བ་བརྒྱུད། གྲོང་ཁྱེར་ཡོངས་ཀྱི་ངལ་ནུས་དབུལ་པོ59017དབྱེ་བ་ཕྱེ་བ་དང་མིག་སྔའི་བར་ལས་ཐོག་མི་སྣ་དང་དེ་བཞིན་ལས་གནས་སྦྲེལ་མཐུད་ཐུབ་པའི་མི19063ཟིན་ནས་རིམ་རྩིས་ལྟར་ན་ཡོང་འབབ་སྒོར་ཁྲི7233.48བྱུང་ཡོད། འདི་ལོ་ཡིག་ཚགས་དང་གཱ་བཟོས་པའི་ངལ་ནུས་དབུལ་པོ5161གསོ་སྦྱོང་བྱ་རྒྱུའི་གཏན་འཁེལ་བྱས་པའི་ཁྲོད་མི301ལ་རྩལ་ནུས་གསོ་སྦྱོང་ཟིན་པ་རེད།

འདི་ལོ་དབུལ་ཞྭ་འཕུད་ཐུབ་བཟོ་ཡོད་པའི་རྫོང(ཆུས)5དུས་བཀག་ལྟར་དབུལ་ཞྭ་འཕུད་ཐུབ་པའི་ལས་འགན་ལེགས་སྒྲུབ་བྱེད་རོགས་བྱ་རྒྱུ་དང་སྦྲགས། རྒྱལ་ཁབ་ཀྱི་ཕྱོགས་གསུམ་པའི་ཚོད་སྐོར་ཞིབ་བཤེར་ལ་བསུ་བ་བདེ་བླག་ངང་ཞུ་རྒྱུ་དང་ནག་ཆུ་གྲོང་ཁྱེར་གྱིས《2019ལོར་དབུལ་ཞྭ་འཕུད་རྒྱུའི་རྫོང་གི་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུའི་སྐོར་གྱི་ནག་ཆུ་གྲོང་ཁྱེར་གྱི་ཇུས་གཞི》བཟོས་ནས་དབུལ་ཞྭ་འཕུད་ཟིན་པའི་རྫོང6གིས་གྲོང་ཁྱེར་ཐད་གཏོགས་ཚན་པ་དང་མཉམ་འབྲེལ་ཐོག་ལས་དོན་ཚོགས་ཆུང་བཙུགས་ཏེ་ཟླ4པའི་ཚེས10ཉིན་ནས་བཟུང་དུས་ཡུན་ཟླ་བ་གཅིག་རིང་དབུལ་ཞྭ་འཕུད་ཐུབ་བཟོ་ཡོད་པའི་རྫོང (ཆུས)5ལ་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱ་རྒྱུ་ཡིན་པ་རེད།

མང་ཚོགས་དབུལ་པོ་ཁག་གཅིག་ལ“སྒུག་བརྟེན་སློང”གསུམ་གྱི་རྗེས་ལུས་ཀྱི་བསམ་བློ་ཡོད་པར་དམིགས་ནས་ནག་ཆུ་གྲོང་ཁྱེར་གྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང“ངལ་རྩོལ་ལ་དགའ་ཞེན་དང་། ཤེས་དཔལ་ལ་སྣང་ཆེན། སྲོལ་གསར་གཏོད་པ”བཅས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྣུར་སྲིང་དང་དབུལ་སྒྲོལ་འགག་སྒྲོལ་དང་། སྣོད་བཅུད་སྲུང་སྐྱོང་། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་གཏོང་སོགས་ལས་དོན་ལ་དམིགས་ཏེ་བྱེད་སྒོའི་གཞི་རྟེན་གསར་གཏོད་དང་། བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། ནག་ཆུའི་ཁྱད་ཆོས་མངོན་པ་བཅས་བྱས་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང“དགའ་ཞེན་དང་། སྣང་ཆེན། གཏོད་པ”བཅས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་ཡོད། “རིག་སྐྱོར་དང་བློ་སྐྱོར”ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། མང་ཚོགས་ཀྱིས་ཚུལ་མཐུན་ངང་འཛད་སྤྱོད་བྱ་རྒྱུར་སྣེ་འཁྲིད་བྱེད་པ། གཉེན་སྒྲིག་མ་བྱས་གོང་ཕྲུ་གུ་སྐྱེ་བའི་གནད་དོན་བཅོས་སྒྲིག་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི“ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི”གསུམ་དོན་འཁྱོལ་ལ་སྐུལ་འདེད་དང་ཕྱར་བ་གྲུ་འདེགས་དང་ཐབས་མང་མཉམ་སྤྱོད་ཀྱིས་མང་ཚོགས་དབུལ་པོའི་ནང་གནས་སྒུལ་ཤུགས་འཕེལ་བ་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།