“དགེ་རྒན་གྱིས་སློབ་མ་ཁྲིད་པ”དང“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ།

—— གཞིས་རྩེའི་རྐང་འཛིན་སྨན་པའི་སྨན་བཅོས་ལག་རྩལ་སྐོར་བཀོད་པ།    

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་སྙིང་གཟེར་ལྟེ་གནས་ཀྱི་གཤགས་བཅོས་ཚོགས་པས་ཏོག་དབྱིབས་འཕར་རྩ་གཡས་མའིPCIགཤགས་བཅོས་ཤིག་ལེགས་སྒྲུབ་བྱས་པ་རེད། བརྗོད་རིན་ཡོད་པ་ཞིག་ལ། གཤགས་བཅོས་འདི་ནི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་རིགས་གཅིག་མཁས་ཅན་མིང་ཆང(ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྨན་ཁང་བཅུ་པའི་སྙིང་ནད་ཚན་ཁག་ནས་ཡིན་པ)གི་སློབ་མ་གཞིས་རྩེའི་རྐང་འཛིན་སྨན་པ་མིག་དམར་གྱིས་གཞན་སུ་ལའང་མ་བརྟེན་པར་ལེགས་སྒྲུབ་བྱས་པ་ཞིག་ཡིན་པས། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་ལ་ལག་རྩལ་དེའི་ཐད་ཚད་བརྒལ་བྱུང་བ་དང་ཆབས་ཅིག ཧྲང་ཧའེ་ཡི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གིས2015ལོ་ནས་ལས་དོན་སྤེལ་ཚུན་གྱི“དགེ་རྒན་གྱིས་སློབ་མ་ཁྲིད་པའི”ལས་དོན་ཐད་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ཤིག་ཀྱང་ཡིན་པ་རེད།

“ཧྲང་ཧའེ་ཡི‘ཚོགས་སྒྲིག་རྣམ་པའི’བོད་སྐྱོར་སྨན་བཅོས་རུ་ཁག་བོད་དུ་སླེབས་ཚུན། ང་ཚོར་གྲིབ་བརྙན་བཟོ་ཐེངས་དང་པོ་ནསPCIགཤགས་བཅོས་ཐེངས་དང་པོའི་བར་མཆོང་སྐྱོད་བྱུང་བ་མ་ཟད། ད་དུང་དགེ་རྒན(བོད་སྐྱོར་རིགས་གཅིག་མཁས་ཅན)གྱིས་དངོས་སུ་བྱེད་པ་ནས་སློབ་མས(ས་གནས་དེ་རང་གི་རྐང་འཛིན་སྨན་པ)དགེ་རྒན་ལ་དཔེ་བལྟས་ནས་བྱེད་པ་དང་། རང་ཉིད་ལག་ལེན་དངོས་ནང་ཞུགས་པས། ང་ཚོའི་ལག་རྩལ་རིམ་བཞིན་ཚད་བརྒལ་བྱུང་ཡོད”ཅེས་རྐང་འཛིན་སྨན་པ་མིག་དམར་གྱིས་བརྗོད།

ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ལུང་ཙི་ཝུན་གྱིས། སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་། མི་དམངས་ཀྱི་བཟའ་བཏུང་གྲུབ་ཆར་འགྱུར་ལྡོག་ཕྱིན་པ། འཚོ་བའི་གོམ་སྟོབས་མགྱོགས་སུ་ཕྱིན་པ་བཅས་དང་བསྟུན་ནས། གཞིས་རྩེ་གྲོང་ཁྱེར་དུ་སྙིང་ནད་ཐོན་ཚད་ཀྱང་ལོ་རེ་བཞིན་མང་དུ་ཕྱིན་ཡོད། སྙིང་ནད་པར་ཏོག་དབྱིབས་འཕར་རྩའི་གྲིབ་བརྙན་བཟོ་བ་དང་དེ་བཞིན་སྙིང་རྩའི་བཤང་སྒྲོམ་འཛུགས་དགོས་ཀྱང་། དེ་སྔོན་གྲོང་ཁྱེར་ཡོངས་སུ་གཤགས་བཅོས་ཀྱི་ཆ་རྐྱེན་འཛོམས་མེད་སྟབས།

ནད་པ་ཚོ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ངམ་ཡང་ན་ནང་སའི་སྨན་ཁང་ཆེ་གྲས་ཁག་ཏུ་གཤགས་བཅོས་བྱེད་པར་སྐྱོད་དགོས་པས་ལམ་ཐག་རིང་ཞིང་སྟབས་བདེ་མེད་པའི་ཁར། ད་དུང་རྩིས་ཞུའི་ཚད་གཞི་དམའ་ཞིང་འགྲོ་གྲོན་ཡང་ཆེན་པོ་ཡོད། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་སྨན་ཁང་གསར་པ་འཆར་འགོད་བྱེད་སྐབས་སྦུག་འདྲེན་ཁང་རྒྱག་རྒྱུ་དེ་སྨན་ཁང་གསར་པ་འཛུགས་སྐྲུན་གྱི་རྣམ་གྲངས་གལ་ཆེན་ཞིག་ཏུ་བརྩིས་ཐོག་ཧྲང་ཧའེ་ཡི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག གཞིས་རྩེའི་སྦུག་འདྲེན་ཁང་དང་སྙིང་གཤེར་ལྟེ་གནས་ཚོགས་པ་དང་པོ་བཙུགས་པ་རེད། 2018ལོར། སྙིང་རྩ་འགག་པའི་ནད་པའི་ཆུ་ཚོད་ཉེར་བཞིའི་ཐོགས་མེད་བགྲོད་ལམ་བཏོད་ནས་གཤགས་བཅོས་བྱེད་ཚད2017ལོ་དང་བསྡུར་ན་ལྡབ3འཕར་ནས། སྙིང་རྩ་འགག་པའི་ནད་པ་སྔར་ལས་མང་བའི་སྲོག་བསྐྱབས་ཏེ་ནད་པ་ཚོར་སོ་སོའི་སྒོ་ཁ་ནས་སྨན་བཅོས་ཞབས་ཞུ་སྤུས་ལེགས་ལོངས་སུ་སྤྱོད་ཐུབ་པར་བྱས་པ་རེད།

“‘ཚོགས་སྒྲིག་རྣམ་པའི’”བོད་སྐྱོར་སྨན་བཅོས་རུ་ཁག་གི་ཐོག་མའི་བསམ་འདུན་ནི་ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག་གཅིག་བཙུགས་ཏེ་ཡུལ་དེའི་རྐང་འཛིན་སྨན་པར་སྔོན་ཐོན་གྱི་སྨན་བཅོས་ཤེས་བྱ་དང་སྨན་བཅོས་རྩལ་ནུས་ལྡན་པར་བྱས་ནས་ཡུལ་དེའི་སྨན་བཅོས་ཚོགས་པ་ཞིག་གསོ་སྐྱོང་བྱ་ཆེད་རེད།‘ཚོགས་སྒྲིག་རྣམ་པའི’བོད་སྐྱོར་སྨན་བཅོས་ལས་དོན་སྤེལ་ནས་ད་ཆ་ལོ4པར་སླེབས་པ་དང་དུས་ཚོད་མི་རིང་བའི་རྗེས་ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་གཞིས་རྩེར་དོན་འཁྱོལ་ཐུབ་རྒྱུ་མ་ཟད། ཡུལ་དེའི་རྐང་འཛིན་སྨན་པ་དེ་བས་མང་བས་ཁོང་དུ་ཆུད་པའི་ཡིད་ཆེས་ཡོད”ཅེས་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པའི་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཀྲང་ཧའོ་ཡིས་བརྗོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།