བོད་ལྗོངས་ཀྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ནང་གི་འཐབ་ཇུས་གནས་བབ་མཐོ་རུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་སའི་འགག་སྒོས་བསྡོམས་རྩིས་རྒྱབ་པར་གཞིགས་ན།  ད་ལོའི་སྤྱི་ཟླ་དང་པོ་ནས་བདུན་པའི་བར་བོད་ལྗོངས་ཀྱིས་རྒྱུད་གཅིག་ལམ་གཅིག་རྒྱུད་ཀྱི་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར16.21ཟིན་ནས་དུས་མཚུངས་པ་ལས8.1%འཕར་བ་དེས་དུས་མཚུངས་པའི་བོད་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཀྱི42.3%བཟུང་པ་དང་།  རྒྱུད་གཅིག་ལམ་གཅིག་རྒྱུད་ཀྱི་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་གཉིས་ཀ་འཕར་སྣོན་བྱུང་བའི་ཐོག་ནས་བོད་ལྗོངས་ཀྱི་གསར་སྤེལ་དང་སྒོ་དབྱེ་རྣམ་པའི་ཕན་འབྲས་རིམ་བཞིན་མངོན་གསལ་དོད་དུ་འགྲོ་བ་གསལ་བཤད་གང་ལེགས་ཐུབ་ཡོད།

ནེ་པ་ལ་ནི་བོད་ལྗོངས་ཀྱི་རྒྱུད་གཅིག་ལམ་གཅིག་གི་ཉོ་ཚོང་རོགས་པ་ཆེ་ཤོས་སུ་གྱུར་ནས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར12.89ཟིན་པ་དང་ལོ་སི་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར1.75ཟིན་པ།  དབྱི་སི་རལ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར1.21ཟིན་པ་བཅས་བྱུང་ནས།  ཁག་སོ་སོར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཀྱི79.5%དང10.8%། 7.5%བཅས་བཟུང་ཡོད།  ཉེ་བའི་ལོའི་ནང་རྒྱལ་ཁབ་ཀྱི་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་འཐབ་ཇུས་ཀྱི་རྒྱབ་ལྗོངས་འོག་བོད་ལྗོངས་ཀྱིས་འགག་སྒོ་སྒོ་དབྱེ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས།  བོད་ལྗོངས་ཀྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ནང་གི་འཐབ་ཇུས་གནས་བབ་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།