2017ལོའི་བོད་ལྗོངས་ཀྱི་དྲ་བའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་རིང་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ལོ2017ལོའི་བོད་ཀྱི་དྲ་བའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་རིང་།  བོད་ལྗོངས་བྱ་སྤྱོད་དང་དྲ་བའི་བདེ་འཇགས་ཀྱི་ཤེས་ལྡན་པ་གསོ་སྐྱོང་གི་ཞིབ་བསྡུར་ཚོགས་འདུ།  བོད་ཀྱི་སྤྲིན་རྩིས།  གྲངས་གཞི་ཆེ་མོ་འཕེལ་རྒྱས་དང་དྲ་བའི་བདེ་འཇགས་གླེང་སྟེགས།  དྲ་བའི་བདེ་འཇགས་ཀྱི་རྩལ་ནུས་འགྲན་བསྡུར་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས།  བོད་ལྗོངས་མང་ཚོགས་ཀྱི་དྲ་བའི་བདེ་འཇགས་ཐད་འགོག་སྲུང་རྩལ་ནུས་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་ཐུན་མོང་ཐོག་དྲ་བའི་བདེ་འཇགས་སྲུང་སྐྱོང་ཐུབ་པ་བྱས་ཡོད། 

དྲ་བའི་བདེ་འཇགས་ཐད་ཀྱི་བོད་ལྗོངས་བྱ་སྤྱོད་ནི་བོད་ལྗོངས་སློབ་གྲྭ་ཆེ་མོ་དང་ལྷ་ས་སློབ་འབྲིང་།  པོ་ཏ་ལའི་ཐང་ཆེན།  ལྷོ་ཁ་གྲོང་ཁྱེར་སོགས་སུ་དགེ་སློབ་ཀྱི་ཉམས་ལེན་བྱེད་སྒོ་སྤེལ་བ་རེད།  བྱེད་སྒོའི་ནང་དྲ་བའི་ཚན་རྩལ་མཐོན་པོ་དང་དྲ་བའི་བདེ་འཇགས་ཀྱི་ཤེས་བྱ་མཉམ་འདྲེས་ཀྱི་སྤེལ་རེས་ཉམས་ལེན་བྱེད་སྟངས་ཐོག་ནས།  གཞོན་ནུ་ལོ་ཆུང་ཚོས་དྲ་བའི་བདེ་འཇགས་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།  དྲ་བའི་བདེ་འཇགས་ཀྱི་ཤེས་ལྡན་པ་གསོ་སྐྱོང་ཞིབ་བསྡུར་ཚོགས་འདུའི་ཐོག་དྲ་བའི་བདེ་འཇགས་ཐད་ཁེ་ལས་ཀྱི་འཐུས་མི་དང་མཐོ་རིམ་སློབ་གྲྭའི་དགེ་རྒན་སོགས་ཚོགས་ཞུགས་མི་སྣས།  བོད་ཀྱི་དྲ་བའི་བདེ་འཇགས་ཐད་ལ་ཤེས་ལྡན་པ་གསོ་སྐྱོང་དང་དྲ་བའི་བདེ་འཇགས་ཀྱི་རིག་ཚན་འཛུགས་སྐྱོང་།  ཐོན་སློབ་ཞིབ་གསུམ་གཞི་གཅིག་ཅན་སོགས་ཀྱི་ནང་དོན་དང་བསྟུན་ནས་ཞིབ་བསྡུར་སྤེལ་རེས་བྱས་པ་རེད། 

བོད་ལྗོངས་སྤྲིན་རྩིས་དང་།  གྲངས་གཞི་ཆེ་མོ་འཕེལ་རྒྱས་དང་དྲ་བའི་བདེ་འཇགས་གླེང་སྟེགས་ཐོག  ལྗོངས་བཟོ་འཕྲིན་ཐིང་དང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས།  ཁག་སོ་སོར་རང་ལྗོངས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྱོང་དང་དྲ་བའི་བདེ་འཇགས་ཐད་སྲིད་ཇུས་སྒྲོག་འགྲེལ་བྱས་པ།  འབྲེལ་ཡོད་མཐོ་རིམ་སློབ་གྲྭ་དང་ཁེ་ལས་ཀྱི་རིགས་གཅིག་མཁས་ཅན་ཚོས་བོད་ཀྱི་ཆ་འཕྲིན་ཅན་འཛུགས་སྐྱོང་དང་བསྟུན་ནས།  སྤྲིན་རྩིས་དང་གྲངས་གཞི་ཆེ་མོའི་དངོས་སྤྱོད་འཕེལ་རྒྱས་དང་དྲ་བའི་བདེ་འཇགས་འགན་སྲུང་སོགས་ཐད་སྤེལ་རེས་མཉམ་སྤྱོད་བྱས་པ་རེད། 

བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ལོ2017ལོའི་སྐབས་གཉིས་པའི་དྲ་བའི་བདེ་འཇགས་ཀྱི་རྩལ་ནུས་འགྲན་བསྡུར་ཆེ་མོ་བྱས་པ་བརྒྱུད།  བོད་ལྗོངས་འཕྲིན་གཏོང་ལས་རིགས་ཀྱི་དྲ་བའི་བདེ་འཇགས་ལག་རྩལ་སྤེལ་རེས་ཟབ་ཏུ་ཕྱིན་པ་དང་དྲ་བའི་ཁོར་ཡུག་འགོག་སྲུང་ནུས་པ་ཆེ་རུ་ཕྱིན་པ།  དྲ་བའི་བདེ་འཇགས་ལས་དོན་པའི་འགག་རྩའི་རྩལ་ནུས་དང་ལས་རིགས་བྱང་ཚད་མཐོ་རུ་ཕྱིན་པ་བཅས་བྱུང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།