2016ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ལྷ་སར་འགོ་ཚུགས་པ།ལིའུ་ཆི་པའོ་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ།

2.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་7ཚེས་7ཉིན་གྱི་སྔ་དྲོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི“2016·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལྷ་སར་འགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ལིའུ་ཆི་པའོ་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་གནང་ཞིང་། འདི་ནི་གླེང་སྟེགས་འགོ་མ་ཚུགས་གོང་ལིའུ་ཆི་པའོ་དང་གླེང་སྟེགས་ནང་ཞུགས་མཁན་རིགས་གཅིག་མཁས་ཅན་དང་མཁས་དབང་དབར་བྱམས་བརྩེའི་ངང་ཕྱག་བཏང་གནང་བའི་གནས་ཚུལ་ཡིན་པ།

3.jpg

ཟླ7ཚེས་7ཉིན་གྱི་སྔ་དྲོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི“2016·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལྷ་སར་འགོ་ཚུགས་ཤིང་། འདི་ནི་གླེང་སྟེགས་ཀྱི་ཚོགས་ར་ཡིན་པ།

འདི་ག་ཚགས་པར་ཁང་དུ་ཟླ་7ཚེས་7ཉིན་གནས་ཚུལ་འབྱོར་གསལ། ཚེས་7ཉིན་གྱི་སྔ་དྲོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པའི“2016·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལྷ་སར་འགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ལིའུ་ཆི་པའོ་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུངས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་དང་། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་བརྙན་འཕྲིན་གློག་བརྙན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐན་ཅིང་། ཤིན་ཧྭ་གསར་འགྱུར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཀྲོའུ་ཙུང་མིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་བཅས་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཆེ་དགྲ་ལྷ་དང་། རྡོ་ཐོགས། ཏིང་ཡེ་ཤན། ཝང་རུའེ་ལན། ཝང་གཡུང་ཅུན། ཙེང་དབན་མིང་། ཅང་ཅེ་བཅས་འགོ་ཚུགས་མཛད་སྒོར་ཕེབས་ཡོད་པ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཚུའེ་ཡུས་དབྱིང་གིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།

ལིའུ་ཆི་པའོ་ཡིས་ཤིས་ཚིག་གསུངས་སྐབས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱིས་སྤྱིར་བཏང་གཏན་ནས་མིན་པའི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་བོད་ལྗོངས་དེ་ཉིད་དབུལ་ཕོངས་རྗེས་ལུས་ནས་འབྱོར་ཕྱུག་ཤེས་དཔལ་ཕྱོགས་སུ་སྐྱོད་པའི་མཆོང་སྐྱོད་ཧ་ཅང་ཆེན་པོ་བྱུང་ནས་བོད་ཀྱི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཕྱེ་ཡོད། བོད་ལ་ད་ཆ་ལྟ་བུའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་འདྲ་ཐོབ་དོན་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཡང་དག་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་ནས་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་གཅིག་གྱུར་གྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་དང་། དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བའི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས། སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་གྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས། སྒོ་དབྱེ་མཉམ་ལས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་པས་ཡིན། འགྲོ་ལམ་དེའི་ཐོག་མུ་མཐུད་བསྐྱོད་ཚེ་བོད་ལ་དེ་བས་མཛེས་སྡུག་ལྡན་པའི་མདུན་ལམ་ཡོང་ངེས་ཡིན་ཞེས་མཛུབ་སྟོན་གནང་བ་རེད།

ལིའུ་ཆི་པའོ་ཡིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཐད་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་ལ་བོད་ཀྱི་འཕེལ་རྒྱས་ལའང་ལམ་བུ་གསལ་སྟོན་དང་ཁ་ཕྱོགས་གསལ་སྟོན་བྱས་ཡོད། མིག་སྔར་བོད་ཀྱི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད། བོད་ཀྱི་འབྱུང་འགྱུར་འཕེལ་རྒྱས་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་སྣེ་ཁྲིད་དུ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་པ། བློ་བརྟན་འགྱུར་མེད་ངང་མི་རིགས་ཁག་གི་མང་ཚོགས་སྤེལ་རེས་དང་འགྲོ་འོང་མཉམ་འདྲེས་ཐུབ་པ་བྱེད་པ། བློ་བརྟན་འགྱུར་མེད་ངང་བོད་ཀྱི་རིག་གནས་དང་སྣོད་བཅུད་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐོག་ནས་བོད་ལྗོངས་དེ་བས་དར་རྒྱས་བརྟན་ལྷིང་ཡོང་བ་བྱེད་པ་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སྐྱིད་སྣང་དེ་བས་མང་བ་ཡོང་བ་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་ཚབ་ཞུས་ནས་གླེང་སྟེགས་ལ་ཕེབས་མཁན་སྐུ་མགྲོན་ལྷན་རྒྱས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། ཁོང་གིས་ཉེ་ལམ་ལོ་ཤས་རིང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་དོན་དུ“རྒྱལ་ཁབ་སྐྱོང་བར་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་དོན་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ལས་དོན་ཁག་གི་རྣམ་པ་གསར་པ་བཏོད་ཡོད། དེང་གི་བོད་ལྗོངས་སུ་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་པ་དང་། སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཐུབ་པ། མི་རིགས་མཐུན་སྒྲིལ་སྲ་བརྟན་གོང་འཕེལ་ཕྱིན་པ། ཆོས་ལུགས་འཆམ་མཐུན་དང་བསྟན་དོན་ལམ་ལྷོངས་བྱུང་བ། མང་ཚོགས་ཀྱི་འཚོ་བ་སྐྱིད་ཞིང་མཛེས་སྡུག་ལྡན་པ། རིག་གནས་དར་རྒྱས་གོང་འཕེལ་ཕྱིན་པ། ཁོར་ཡུག་མཛེས་ལ་སྣོད་བཅུད་བཟང་བ་བཅས་ཡོད་ཅེས་གསུངས་པ་རེད། ཁྲེན་ཆོན་གོས་གླེང་སྟེགས་ལ་ཞུགས་མཁན་སྐུ་མགྲོན་ལྷན་རྒྱས་ཀྱིས་བོད་ཀྱི་འཕེལ་རྒྱས་ཆེད་ཐབས་དང་ཇུས་མང་ཙམ་འདོན་པ་དང་། བོད་དུ་མང་ཙམ་ཕེབས་པ་དང་མང་ཙམ་གཟིགས་ནས་ཇི་མ་ཇི་བཞིན་དང་། སྒོ་དབྱེ་ཁོང་ཡངས། མཐུན་སྒྲིལ་ཞི་མཐུན། དར་རྒྱས་གོང་འཕེལ། ཁོར་ཡུག་མཛེས་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་ཞིག་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་ངོ་སྤྲོད་གནང་རྒྱུའི་ཟོལ་མེད་རེ་བ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་དང་། ཨ་རིའི་ཨེ་ཤེ་ཡ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཁེ་ལི་སི་ཏིང · ཏའེ་ཝུའེ་སི། སི་ཕེན་ཧུའུ་ཨན · ཁ་ལུའོ་སི་རྒྱལ་པོའི་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧྥེ་ཏེ་ལུའོ · ཅ་ཤིས་ཡ ·པིར་པ་ཨེ། ཧྥ་རན་སེའི་རྩོམ་པ་པོ་སུའོ་ཉི་ཡ · པུའུ་ལུའེ་སི་ལེ་བཅས་ཀྱིས་འགོ་ཚུགས་མཛད་སྒོའི་ཐོག་གཏམ་བཤད་སྤེལ་གནང་བ་རེད།

ད་ཐེངས་ཀྱི་གླེང་སྟེགས་ཐོག“བོད་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ—གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད”བཅས་བརྗོད་བྱ་གཙོ་བོར་བྱས་པ་དང་འབྲེལ་གླེང་སྟེགས་ཐོག“གསར་གཏོད་འཕེལ་རྒྱས། གོ་སྐབས་དང་གདམ་ག”དང“མཐུན་སྦྱོར་འཕེལ་རྒྱས། སྲོལ་རྒྱུན་དང་དེང་རབས་སྦྲེལ་མཐུད”“ལྗང་མདོག་འཕེལ་རྒྱས། མི་མངོན་པའི་སྟོབས་ཤུགས་དང་ལེགས་ཆ་འདོན་སྤེལ”“སྒོ་དབྱེ་འཕེལ་རྒྱས། རྒྱུད་གཅིག་ལམ་གཅིག་གི་ཕུགས་མདུན་གསར་པ”“མཉམ་སྤྱོད་འཕེལ་རྒྱས། གནད་སྨིན་དབུལ་སྐྱོར་དང་དམངས་འཚོ་ལེགས་གཏོང”བཅས་ཀྱི་གྲོས་གཞི་ཁག་ལྔ་བཀོད་སྒྲིག་བྱས་ཡོད་པ་རེད། ཨ་རི་དང་། དབྱིན་ཇི། ཨུ་རུ་སུ། སི་ཕེན་སོགས་རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་འབྲེལ་ཡོད་མི་སྣ་གླེང་སྟེགས་ནང་ཞུགས་ཡོད་པ་རེད།

ཟླ་7ཚེས་4ནས་ཚེས་6ཉིན་བར་གླེང་སྟེགས་ནང་ཞུགས་མཁན་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ལྷ་ས་དང་ལྷོ་ཁ་གྲོང་ཁྱེར་གཉིས་ཀྱི་ས་གནས་ས་ཐོག་ཏུ་གཟིགས་སྐོར་རྟོག་ཞིབ་གནང་ཞིང་། ཁོང་ཚོ་ཞིང་དུད་ཀྱི་ཁྱིམ་དུ་ཕེབས་པ་དང་ཐོན་ལས་གླིང་། སློབ་གསོའི་གྲོང་། གནད་སྨིན་དབུལ་སྐྱོར་བྱ་ཡུལ་བཅས་སུ་གཟིགས་སྐོར་གནང་ནས་བོད་ཀྱི་དམངས་གཙོ་བཅོས་སྒྱུར་དང་། གནད་སྨིན་དབུལ་སྐྱོར། དཔལ་འབྱོར་དང་སློབ་གསོ། རིག་གནས་སྲུང་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།