རླུང་གཡོར་བསྒྲེངས་ནས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་ཕྱོགས་སུ་བསྐྱོད་པ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་སྟངས་སྐོར་གྱི་དངོས་བྲིས། (སྨད་ཆ)

ལྟེ་བ་གཅིག་དེ་བས་བརྟན་དུ་བཏང་བ།

—— ལོ་3ལྷག་ཙམ་རིང་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་ཏེ་ཁ་ཕྱོགས་ཡང་དག་ཡོང་རྒྱུ་འགན་ལེན་བྱས་ཐོག་ཏང་ཀྲུང་དབྱང་གིས་རྒྱལ་སྲིད་སྐྱོང་སྟངས་ཀྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ།

ཞིས་ཅིན་ཕིང་གིས“ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས། རྒྱལ་ཁབ་དར་རྒྱས་དང་མི་དམངས་བདེ་སྐྱིད་ཡོང་བ་བྱེད་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པའི་འགག་རྩ་ནི་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་ལྷག་པའི་གནད་དོན་མངོན་གསལ་དོད་པོས་ཐག་གཅོད་ཏན་ཏིག་བྱེད་དགོས”ཞེས་གསུངས་ཡོད།

སྲིད་བསྐྱངས་ཚུན་ལོ་60ལྷག་ཙམ་རིང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་སྣེ་འཁྲིད་དེ་ཞུམ་མེད་མདུན་སྐྱོད་བྱས་ཡོད།

ད་ཆ་འཛམ་གླིང་གི་སྲིད་ཏང་ཨང་དང་པོས་འཛམ་གླིང་གི་མི་འབོར་ཆེ་ཤོས་རྒྱལ་ཁབ་ཀྱི་སྣེ་འཁྲིད་དེ་འཛམ་གླིང་གི་འཕེལ་རྒྱས་ཀྱི་དཀའ་གནད་ཆེ་ཤོས་སེལ་བ་དང་མི་རིགས་ཀྱི་ལོ་རྒྱུས་ཐོག་སྐྱོད་མྱོང་མེད་པའི་འགྲོ་ལམ་ཐོག་སྐྱོད་བཞིན་པ་དང་ཆབས་ཅིག་ཏང་ནང་ཁུལ་གྱི་སྙིང་སྟོབས་མི་འདང་བ་དང་། ནུས་པ་མི་འདང་བ། མང་ཚོགས་དང་ཁ་བྲལ་བ། སྒྱིད་ལུག་དང་རུལ་སུངས་སུ་གྱུར་པའི་སྣང་ཚུལ་དེ་བས་རྣོ་ངར་ཆེ་བའི་སྒོ་ནས་ཏང་ཡོངས་ཀྱི་མདུན་དུ་གནས་ཡོད།

“ཏང་ལ་དོ་དམ་མི་བྱེད་པ་དང་ཏང་ལ་དམ་འཛིན་མ་བྱས་ཚེ་གནད་དོན་ཐོན་སྲིད་ལ་གནད་དོན་ཆེན་པོ་ཐོན་ནས་མཐར་ཏང་གི་བྱ་གཞག་ལ་གྲུབ་འབྲས་མ་ཐོབ་པ་ཙམ་མ་ཟད། ད་དུང་ཏང་དང་རྒྱལ་ཁབ་འཇིག་ཉེན་ཡོད”ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་ནི་རྨོངས་གཉིད་ལས་སད་ཐུབ་པ་ཞིག་རེད།

ཏང་དང་རྒྱལ་ཁབ་ཤི་གསོན་ཆགས་འཇིག་གི་མཐོ་ཚད་ཐོག་ལངས་ནས་ལོ་3ལྷག་ཙམ་ནང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་དང་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛུགས་སྐྱོང་གི་གཙོ་ཐིག་དེ་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་ཐད་བརྒལ་ཡོང་སར་བྱས་ཏེ་བསམ་བློ་དང་། སྒྲིག་འཛུགས། ལམ་ལུགས། རུལ་རྒོལ་གཙང་སྤེལ་སོགས་འཛུགས་སྐྲུན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་མ་བཏང་ཐོག་ཏང་བཅོས་སྐྱོང་དང་ཏང་ལ་དོ་དམ་བྱེད་པའི་བྱེད་ཐབས་བཏོད་པ་དང་ཏང་འཛུགས་སྐྱོང་གི་ཁ་ཕྱོགས་གསར་པ་བཏོད་ཡོད།

དེ་ནི“རང་ཉིད”ནས་འགོ་བཙུགས་ཏེ་གོང་གིས་འོག་གི་སྣེ་ཁྲིད་པའི་ལོ་3ཡིན་སྟེ།

སྐབས་གསར་པའི་ཏང་ཀྲུང་དབྱང་གིས་ལས་འགན་འཁུར་འགོ་ཚུགས་མ་ཐག་ཏང་ཡོངས་ལ“ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱ་རྒྱུ་དེ་འགོ་ཁྲིད་ལས་བྱེད་པ་ནས་འགོ་འཛུགས་དགོས་པ་དང་འགོ་ཁྲིད་ལས་བྱེད་པ་ཡང་དང་ཐོག་ཀྲུང་དབྱང་འགོ་ཁྲིད་ནས་འགོ་འཛུགས་དགོས་པའི”ཁས་ལེན་བྱས་ཡོད།

གཏན་འབེབས་དོན་ཚན་བརྒྱད་ལག་ལེན་དངོས་སུ་བསྟར་བ་ནས་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་བྱེད་པའི་བར་དང་དེ་ནས་སྣེ་ཁྲིད་ཀྱིས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་བའི་བར་ཏང་ཀྲུང་དབྱང་གིས“གཟབ་ནན་ལ་སྣང་ཆེན་བྱེད་པའི”སྙིང་སྟོབས་དང“འགན་འཁྲི་ཁུར་ཕོད་པའི”བྱ་སྤྱོད་ཐོག་ནས་བདེན་དོན་གྱི་སྟོབས་ཤུགས་དང་མི་གཤིས་ཀྱི་སྟོབས་ཤུགས་ཀྱི་མཐོ་ཚད་ཟུང་འབྲེལ་གྱིས“སྣེ་ཁྲིད་མཁན་གྱི་ཕན་ནུས”ཆེན་པོ་ཞིག་ཆགས་པ་བྱས་ཡོད།

དེ་ནི“ནན་ཏན”གཙོ་བོར་བྱེད་པ་དང་དངོས་འཛིན་བཙན་འཐབ་ཀྱི་ལོ་གསུམ་ཡིན་ཏེ། ཏང་ནན་པོས་སྐྱོང་རྒྱུ་དེ་ཇི་ལྟ་བུའི་ནན་པོ་ཞིག་ཡིན་ནམ། ལོ་3ལྷག་ཙམ་རིང་གི་ལག་ལེན་ལས་མི་རྣམས་ཀྱི་བསམ་བཀོད་གསར་གཏོད་བྱས་ཡོད།

ཀྲོའུ་ཡུང་ཁང་དང་། པོ་ཤི་ལའེ། ཞུས་ཚའེ་ཧོའུ། ཀུའོ་པོ་ཞུང་། ལིང་ཅི་ཧ། སུའུ་རུང་སོགས་ཀྱི་སྒྲིག་འགལ་ཚབས་ཆེན་གྱི་གྱོད་གཞི་ཞིབ་བཤེར་ནན་པོ་བྱས་ཏེ“བློན་ཆེན་ལ་ཉེས་ཆད་མི་གཅོད་པའི”བསམ་ཚོད་བསལ་བ་དང་། ཀྲུང་དབྱང་གིས་སྐོར་ཞིབ་བྱེད་པ་དང“ཁྱོན་ཡོངས་ལ་ཁྱབ་པ”གཉིས་མངགས་སྡོད་བྱས་པ་དང“རུལ་རྒོལ་ལ་མི་ཁྱབ་པ་ཡོད་པའི”དོགས་གཞི་བསལ་བ། རིམ་རྩིས་ལྟར་ན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གྱི་དགོངས་དོན་ལས་འགལ་བར་འདྲི་རྩད་བྱེད་ཚད་མི་ཁྲི་14ལས་བརྒལ་ནས་ཁྲིམས་ལས་འགལ་ཕྱིན་ཁྲིམས་ཆད་ཕོག་གི་ཡོད།

“ནན”ཞེས་པའི་ཡིག་འབྲུ་དེ་ནན་ཏན་ངང་སྒྲིག་ཁྲིམས་ལག་བསྟར་དང་གཟབ་ནན་ངང་འགན་འཁྲི་རྩད་གཅོད་བྱེད་པའི་ཐོག་ནས་མཚོན་པར་བྱས་པ་དང་། སྒྲིག་ཁྲིམས་དམ་ནན་དུ་གཏོང་བ་དང་སྒྲིག་སྲོལ་ནན་སྲུང་བྱེད་པའི་ཐོག་ནས་མཚོན་པར་བྱས་པ་མ་ཟད། ད་དུང་བསམ་བློ་འཛུགས་སྐྱོང་དང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ། ལམ་ལུགས་གསར་འཛུགས་སོགས་ཕྱོགས་གང་ས་ཅི་ཐད་དུ་ཁྱབ་པར་བྱས་པའི་ཐོག་ནས། རང་རེའི་ཏང་གིས་རྒྱུན་ཆད་མེད་པར་ཚོད་བགམ་ཐེག་པ་དང་ཡོ་བསྲང་བྱེད་པའི་ཁྲོད་རང་སྐྱོན་ཡོ་བསྲང་ཐུབ་པར་བྱས་ཡོད་ལ། རྒྱུན་ཆད་མེད་པར་རང་སྐྱོན་རང་བརྟག་དང་རང་སྐྱོན་རང་ཟོན་བྱེད་པའི་ཁྲོད་རང་མདངས་མི་ཉམས་པར་བྱས་ཡོད།

དེ་ནི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་དང་ལམ་ལུགས་གཞིར་བཟུང་ཏང་བཅོས་སྐྱོང་བྱས་པའི་ལོ་གསུམ་ཡིན་ཏེ།

ཡུན་རིང་མ་སོང་གོང་ཏང་ཀྲུང་དབྱང་གིས་བཟོ་བཅོས“མང་དག”བརྒྱབ་རྗེས《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་འདོམས་ཚད་གཞི》དང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དངོས་སུ་བཏོན་ཡོད། ལྷུ་ལག་ཚང་བ་དང་གཅིག་རམ་གཅིག་འདེགས་ཀྱི་ཁྲིམས་སྲོལ་དེ་གཉིས་ཐོག་ནས་ཁྲིམས་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱ་རྒྱུ་དང་སྤྱོད་བཟང་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱ་རྒྱུ་གཉིས་ཟུང་འབྲེལ་གང་ལེགས་བྱས་པ་མཚོན་ཡོད།

ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བཟོ་བའི་སྲོལ་ཡིག་ལ་བཟོ་བཅོས་རྒྱག་པ་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བཟོ་བའི་ལས་དོན་གྱི་ལོ་ལྔ་ཚན་དང་པོའི་འཆར་གཞི་འགོད་པའི་སྐབས་སུ་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཙང་སྒྲིག་ཐེངས་དང་པོ་བྱས་ནས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གལ་ཆེན་30ལྷག་ཙམ་བཟོས་ཏེ་བཏོན་པ་སོགས་ཀྱི་ཐོག་ནས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་བ་མཚོན་ཡོད།

ཏང་གི་རྩ་འཛུགས་ལམ་ལུགས་དང་། ལས་བྱེད་པའི་མི་དོན་ལམ་ལུགས། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལམ་ལུགས། ཤེས་ལྡན་པ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་བཅས་གཏིང་ཟབ་ཏུ་བཏང་ནས་སྒྱུར་བཅོས་བྱེད་ཐབས་30ལྷག་ཙམ་སྔ་རྗེས་སུ་བཏོན་པ་དང་། ཏང་འཛུགས་སྐྱོང་ལམ་ལུགས་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད།

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཏོན་ནས་ལོ་གསུམ་སོང་བའི་རིང་ནང་དོན་ཚད་ལྡན་དུ་གཏོང་ཚད་ཇེ་ཆེར་སོང་བ་དང་ད་བར་སྔར་བཞིན་ཐག་གཅོད་ནན་པོ་བྱེད་བཞིན་ཡོད་པ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་མུ་མཐུད་ལོ་གཅིག་སྤེལ་ཏེ་གནས་སྐབས་མཇུག་བསྡུ་བ་ལས་རྦད་དེ་མཇུག་མི་བསྡུ་བ་དེས“སྤྱོད་ཚུལ་བཞིའི”གནད་དོན་མུ་མཐུད་བཅོས་སྒྲིག་ཐུབ་རྒྱུ་ཡིན་པ། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་བྱེད་སྒོ་མུ་མཐུད་སྤེལ་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ནས་སྤྱོད་ཚུལ་ལ་དམ་འཛིན་བྱ་རྒྱུ་དེ་གོམས་གཤིས་སུ་འཇགས་པར་བྱ་རྒྱུ་སོགས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་བཅོས་སྐྱོང་དང་ཏང་ལ་དོ་དམ་བྱེད་པའི་ཐད། ཏང་ཀྲུང་དབྱང་ལ་དགོངས་ཚུལ་གསར་པ་ཡོད་ལ་བྱེད་ཐབས་གསར་པ་ཡང་ཡོད་ཅིང་། རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་གཉིས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།

རུལ་སུངས་པ་འབོར་ཆེན་ཞིག་ཏང་གི་སྐྱིད་སྡུག་ནས་ཕྱིར་ཕུད་པ་དང་ཁྲུའུ་རིམ་པ་ཡན་གྱི“དཔོན་ཧྲེང”སྟོང་ལ་ཉེ་བའི་ལས་གནས་ལེགས་སྒྲིག་བྱས་པ་དང་། ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་ཞུ་བའི་འདུ་ཤེས་ཇེ་ཆེར་སོང་བ་དང་ཏང་གི་སྒྲིག་ཁྲིམས་ལ་བཀུར་ཞིང་སྐྲག་པའི་རྩ་བ་དེ་ཇི་ཙམ་འཛིན་པ་དེ་ཙམ་གྱིས་དམ་དུ་སོང་བ། “སྤྱོད་ཚུལ་བཞིའི”གནད་དོན་མཐའ་ཞིག་ཏུ་འགོག་ཐབས་བྱ་རྒྱུ་དང་། ཁྱུ་ཤོག་མི་སྒྲིག་རྒྱུ་དེ་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་པ། རྩ་འཛུགས་ལ་ལྷག་བསམ་རྣམ་དག་བྱ་རྒྱུ་དང་དད་མོས་བརྟན་སྲུང་བྱ་རྒྱུ་དེ་རང་རྟོགས་བྱ་སྤྱོད་ཅིག་ཏུ་གྱུར་པ་སོགས།

ཏང་གི་དཔལ་འབྱོར་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ་དང་ལེགས་སུ་བཏང་ནས་ཐུན་མོང་མ་ཡིན་པའི་ངེས་ཤུགས་ལ་བརྟེན་ཏེ་རྒྱུན་རྣམ་གསར་པ་དང་འཚམ་པར་བྱས་པ་དང་། དབུལ་སྐྱོར་དང་། གྲོང་ཁྱེར། ཕྱི་འབྲེལ་སོགས་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱས་ནས་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་ཇུས་འགོད་རྩེ་གྲ་བཟོས་པ། མི་རིགས་དང་། ཆོས་ལུགས། འཐབ་ཕྱོགས་གཅིག་གྱུར། མང་ཚོགས་རང་བཞིན་གྱི་ཚོགས་པ་བཅས་ཀྱི་ཚོགས་འདུ་དང“ཀུའུ་ཐན་ཚོགས་འདུ་གསར་པ” ཚད་གཞི་མཐོ་པོས་འཚོགས་ནས་སྤྱི་ཚོགས་ཀྱི་ལས་རིགས་ཁག་དང་རྒྱ་ཆེའི་དཔོན་དམག་རྣམས་ཏང་གི་དར་ཆའི་འོག་མཐུན་སྒྲིལ་དམ་ཟབ་ཐུབ་པ་བྱས་པ་སོགས།

ལོ་རྒྱུས་ཀྱི་རླབས་རྒྱུན་མདུན་ཕྱོགས་སུ་ལང་ལོང་དུ་འཕྱུར་བ་དང་སྲིད་འཛིན་ཚོད་བགམ་གྱི་མཚམས་ཆད་མྱོང་མེད།

རྒྱང་རིང་ལ་གཏིང་ཟབ་པའི་མིག་རྒྱང་ཞིག

—— ལོ་3ལྷག་ཙམ་གྱི་ནང་འགྱུར་ལྡོག་ཆེ་བའི་དུས་གནས་ལ་རྒྱང་བལྟ་དང་ཕྱོགས་ཁག་ལ་ཇུས་བཀོད་བདག་གཉེར་བྱས་པའི་ཁར་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་གཉིས་སྤྱི་འདོམས་ཧུར་ཐག་བྱས་ཏེ་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་དེ་བས་ཡངས་བའི་འཕེལ་རྒྱས་ཀྱི་བར་ཁམས་མཁོ་འདོན་བྱས་པ།

ཞིས་ཅིན་ཕིང་གིས“མི་དུང་ཕྱུར་70ལྷག་ཙམ་ང་ཚོའི་སའི་གོ་ལ་འདིའི་ཐོག་ཐུན་མོང་དུ་འཚོ་བ་སྐྱེལ་གྱི་ཡོད་པས་བལྟ་རེས་སྐྱོང་རེས་དང་། ཕྱར་བ་གྲུ་འདེགས། ཐུན་མོང་འཕེལ་རྒྱས་བཅས་ཡོང་བ་བྱེད་དགོས”ཞེས་གསུངས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་འཕོ་འགྱུར་ཆེ་བའི་རྒྱལ་སྤྱིའི་ཆགས་སྟངས་ཀྱི་མདུན་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་གཞི་ཁྱོན་ཆེ་ལ་ཤུགས་རྐྱེན་ཟབ་པའི་ཐབས་ཇུས་བཀོད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེ་མོའི་ཕྱི་འབྲེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་ལས་སྔ་མཐུད་ཕྱི་འདྲེན་གྱི་ཕྱི་འབྲེལ་ཆགས་སྟངས་གསར་པ་ཞིག་སྤྱིར་ན་གྲུབ་པ་དང“ཀྲུང་གོ་རྟགས་ཅན”དེ་ཉིད་སྔར་མེད་གསར་བྱུང་གི་རྣམ་པའི་ཐོག་ནས་འཛམ་གླིང་གར་སྟེགས་ཀྱི་དབུས་སུ་ཉེ་བར་བཅར་བ་སོགས།

ལོ་གསུམ་ལྷག་ཙམ་བར“ཀྲུང་གོ་རྟགས་ཅན”གྱི་སྣེ་ཁྲིད་མཁན་གྱིས་བློ་རྒྱ་གསར་པ་དང་ཉམས་འགྱུར་གསར་པའི་ཐོག་ནས་འཛམ་གླིང་ཡོངས་ལ་བག་ཆགས་ཟབ་མོ་བཞག་ཡོད།

མི་སྟོབས་ཆེན་ལ་ཆགས་སྟངས་ཆེན་པོ་ཡོད་པ་སྟེ།

“མཉམ་ལས་གཉིས་ཁེ་ནི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དར་སྤེལ་གཏོང་རྒྱུ་དེ་ཡིན་པ་སོགས”

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་ཐེངས་དང་པོར་ཐོན་པ་ནས་ད་བར“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ”ཀྱི་འདུ་ཤེས་དེ་དམར་ཐིག་ཅིག་ལྟར་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་སྟངས་དང་ལྷག་དོན་དུ་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་སྤྱི་འདོམས་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཡོད།

མོ་སི་ཁོར་ཕྱོགས་བཞིའི་ཐད་ནས“འཛམ་གླིང་འདི”རྒྱས་བཤད་གནང་བ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུ་ཚོགས་ཐོག“ཕྱོགས་ལྔ་གཞི་གཅིག”གི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་སྤྱིའི་བཀོད་པ་དང་སྤྱིའི་ཐབས་ལམ་རྒྱས་བཤད་གནང་བའི་བར་དང་། ཀྲུང་གོའི་ཕུགས་འདུན་དང་འཛམ་གླིང་ཕུགས་འདུན་བསྐྱར་བཤད་གནང་བ་ནས་མཉམ་ལས་གཉིས་ཁེ་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུའི་བར། མཛའ་མཐུན་དང་། ལྷག་བསམ། ཕན་བདེ། ཁོང་ཡངས་བཅས་ཀྱི་མཐའ་འཁོར་གྱི་ཕྱི་འབྲེལ་འདུ་ཤེས་ནས་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ“ཡང་དག་གི་འོས་འགན་དང་ཁེ་ཕན་གྱི་ལྟ་བ་རྒྱུན་འཁྱོངས་བྱ་རྒྱུའི”ཁས་ལེན་ནན་པོ་གནང་བའི་བར། ལོ་གསུམ་ལྷག་ཙམ་ནང་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བསམ་ཕྱོགས་དང་འདུ་ཤེས་གསར་པ་རབ་དང་རིམ་པ་བཏོན་གནང་བར་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ངོས་འཛིན་གཅིག་མཐུན་བྱུང་ཡོད།

ཨ་སྒོར་དུང་ཕྱུར་400ཡི་དར་གོས་ལམ་བུའི་ཐེབས་རྩ་བཙུགས་པ་དང་འབྲེལ་རྣམ་གྲངས་གཉེར་སྐྱོང་བྱེད་འགོ་བཙུགས། ཀྲུང་གོ་དང་ཡོ་རོབ་ཀྱི་མེ་འཁོར་ལྟ་བུ“མགྱོགས་སུ་བཏང་བ”དང་། སྣོན་འཛུགས་གསར་འཛུགས། མཉམ་འབྲེལ་མཉམ་མཐུད་བཅས་བྱས་ནས་སྐུལ་འདེད་མགྱོགས་པོ་བཏང་བ། ཀྲུང་གོ་དང་ཕ་ཁི་སི་ཐན་དང་ཀྲུང་གོ་དང་། མོང་གོལ། ཨུ་རུ་སུ་བཅས་ནས་བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་བར་གྱི་དཔལ་འབྱོར་བར་ཁྱམས་རེ་རེ་ཧུར་ཐག་བསྐྲུན་པ། ཕྱོགས་མང་དང་ཕྱོགས་གཉིས་ཀྱི་རྣམ་གྲངས་གལ་ཆེན་དང་འབོར་ཆེན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ཏེ“རྒྱུད་གཅིག་ལམ་གཅིག”དེ་ཉིད་དར་ཚོན་གཉིས་ལྟར་མི་འབོར་དུང་ཕྱུར་44ཡི་ལས་དབང་དང་ཟུང་འབྲེལ་དམ་ཟབ་བྱས་ཡོད།

མི་སྟོབས་ཆེན་ལ་བརྩོན་སེམས་ཆེན་པོ་ལྡན་པ་སྟེ ——

ཀྲུའུ་ཞི་ཞིས་ཅིན་ཕིང་གིས་འཚམས་འདྲི་གནང་སའི་རྒྱལ་ཁབ་ཀྱི་ཚགས་པར་དང་དུས་དེབ་ཐོག་མཚན་བཀོད་གསུང་རྩོམ་19བཏོན་ནས་རང་འགུལ་ངང་ཀྲུང་གོ་ངོ་སྤྲོད་གནང་བ་དང་། རྒྱ་གར་གྱི་འགོ་ཁྲིད་མི་སྣ་དང“ཕ་ཡུལ་ཕྱི་འབྲེལ”གྱི་རྣམ་པ་གསར་པ་བཏོད་པ། ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གིས་འབོད་སྐུལ་བྱས་པར་རྒྱལ་ཁབ་50ལྷག་ཙམ་གྱི་དང་ལེན་ཐོབ་པ། G20དབུ་ཚོགས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་། འབོ་གསེར་རྒྱལ་ཁབ་ཀྱི་དབུ་ཚོགས་བར་ཀྲུང་གོའི་འདོད་ཚུལ་ཧུར་ཐག་བཏོན་ཡོད།

ལོ་3ལྷག་ཙམ་རིང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་སྤྱིའི་གར་སྟེགས་ཐོག་དེ་བས་གདེང་ཚོད་ལྡན་པའི་གཟུགས་བརྙན་ཐོག་ནས་བརྩོན་སེམས་ཆེ་བའི་ཕྱི་འབྲེལ་ཉམས་འགྱུར་དེ་བས་སྟོན་ཡོད།

ལོ་3ནང་རྒྱལ་ཁབ་ཀྱི་གཙོ་བདག་གམ་ཡང་ན་སྲིད་གཞུང་གི་འགོ་གཙོ་100ལྷག་ཙམ་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་ནས་ཀྲུང་གོ་དང་ཕྱི་རྒྱལ་འགོ་ཁྲིད་མི་སྣའི་དབར་ཕན་ཚུན་འཚམས་འདྲི་བྱེད་ཟབ་ཏུ་ཕྱིན་ཡོད། ཨེ་ཤེ་ཡའི་རོགས་ལས་ཡིད་རྟོན་དབུ་ཚོགས་ནས་APECཔེ་ཅིང་ཚོགས་འདུའི་བར“ཚོགས་ར་གཙོ་བོའི་ཕྱི་འབྲེལ”རེ་རེའི་ངོ་མཚར་དེ་བས་ཆེ།

མི་སྟོབས་ཆེན་ལ་བློ་གྲོས་ཆེན་པོ་ལྡན་པ་སྟེ ——

གཞིས་ཀའི་ཐུག་འཕྲད་དང་། དབྱིང་ཐའེ་མཚན་འཛོམས་གླེང་མོལ། ཕོ་བྲང་དཀར་པོའི་སྟོན་འཛོམས་སོགས་ཀྲུང་གོ་དང་ཨ་རིའི་གཙོ་བདག་གིས་ལོ་3ནང་ཐུན་མིན་ཁྱད་ཆོས་ལྡན་པའི་མཇལ་འཛོམས་ཐེངས་3གནང་བ་དེ་ལོ་རྒྱུས་ཀྱི་ཟིན་ཐོའི་ནང་བཀོད་ཡོད།

ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅི་ཤིན་ཀེས“ཀྲུའུ་ཞི་ཞིས་ཅིན་ཕིང་གིས་གཟིགས་རྒྱང་རིང་ལ་བརྗེ་ཚབ་ཐུབ་པའི་ཀྲུང་གོ་དང་ཨ་རིའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་བཏོན་གནང་ཡོད། འདི་ནི་བློ་གྲོས་ལྡན་པའི་ཆབ་སྲིད་ཀྱི་གཟིགས་རྒྱང་ཞིག་རེད”ཅེས་བཤད།

གླིང་ཆེན་ཨ་ཧྥེ་རི་ཁར་འཚམས་འདྲི་གནང་སྐབས། གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་11དང་ཞོགས་ཟས་འདུ་འཛོམས་གནང་བ་དང་ཆབས་ཅིག ཐེ་རི་ནི་ཏ་དང་ཐོ་པ་ཀོར་འཚམས་འདྲིར་ཕེབས་སྐབས་ཅ་ལེ་པིའི་རྒྱལ་ཁབ་9ཡི་འགོ་ཁྲིད་མི་སྣ་དང་མཇལ་འཛོམས་གནང་ཡོད། ཀྲུའུ་ཞི་ཞིས་ཅིན་ཕིང་གིས“གཅིག་གོ་གཉིས་ཆོད”ཀྱི་བྱེད་ཐབས་ཐོག་ནས་མཇལ་འཛོམས་གནང་བ་དེས་རྒྱལ་ཁབ་གཅིག་ལ་འཚམས་འདྲི་གནང་ནས་ས་ཁུལ་ཡོངས་ལ་ནུས་པ་ཐོན་ཐུབ་པ་བྱུང་ཡོད།

མི་སྟོབས་ཆེན་ལ་བློ་རྒྱ་ཆེན་པོ་ལྡན་པ་སྟེ——

དམག་མི་ཁྲི་30ཉུང་འཕྲི་བྱ་རྒྱུ།

2015ལོའི་ཟླ་9ཚེས་3ཉིན་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་སྒམ་ནན་ངང་ཡོངས་བསྒྲགས་གནང་ཡོད།

“རྒྱལ་ཁའི་ཉིན་མོའི་ཕྱི་འབྲེལ”ལས་ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་མཐའ་གཅིག་ཏུ་སྐྱོད་པའི་ཆོད་སེམས་མངོན་ཡོད་ལ་འཛམ་གླིང་གིས་ཀྲུང་གོའི་བློ་རྒྱ་མཐོང་ཐུབ་པའང་བྱུང་ཡོད།

གླིང་ཆེན་ཨ་ཧྥེ་རི་ཁ་ནུབ་མར་ཨེ་པོ་ལ་ནད་དུག་ཐོན་པ་ནས་ནེ་པ་ལར་ས་ཡོམ་བརྒྱབ་པའི་བར། ཀྲུང་གོས་འཕྲལ་མ་ཉིད་དུ་རིགས་གཅིག་མཁས་ཅན་མངགས་གཏོང་དང་དངོས་ཟོག་སྐྱེལ་འདྲེན་བྱས་ཡོད། 2030ལོའི་གཡས་གཡོན་ལ་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་ཚད་སྙོམས་པོ་ཡོང་བ་བྱ་རྒྱུ་མ་ཟད་དེ་གང་མགྱོགས་མངོན་འགྱུར་ཡང་ཡོང་བ་བྱ་རྒྱུའི་ཁས་བླངས་ཡོད།

བློ་རྒྱ་དེ་མ་དངུལ་མང་པོ་གཏོང་བའི་ཐོག་ནས་མངོན་པ་སྟེ། ཨ་སྒོར་དུང་ཕྱུར་10ཡི་ཀྲུང་གོ——མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་འཕེལ་རྒྱས་ཐེབས་རྩ་བཙུགས་པ་དང་། ཁག་ཐེངས་དང་པོའི་མ་དངུལ་ཨ་སྒོར་དུང་ཕྱུར་100ཡི“ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་ཐོན་ནུས་མཉམ་ལས་ཐེབས་རྩ”བཙུགས་ཡོད།

ལོ་གསུམ་ལྷག་ཙམ་རིང་ཀྲུང་གོར་དོ་ཁུར་བྱེད་མཁན་མང་དུ་སོང་བ་དང་ཀྲུང་གོའི་གྲོས་འགོར་ཀུན་གྱིས་དོ་སྣང་བྱེད་ཀྱི་ཡོད་པས་ཀྲུང་གོའི་ནུས་པར་དེ་བས་སྣང་ཆེན་བྱུང་ཡོད།

——“གྲོགས་ཚོགས”སྔར་བས་མང་དུ་སོང་བ་སྟེ། རྒྱལ་ཁབ་67དང་ས་ཁུལ་ལམ་ས་ཁོངས་རྩ་འཛུགས་5དབར་རྣམ་པ་དང་ཚད་གཞི་མི་འདྲ་བའི་རོགས་ཟླའི་འབྲེལ་བ་ཆ་72བཙུགས་པས་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བའི་དྲ་རྒྱ་སྤྱིར་ན་གྲུབ་ཡོད།

—— ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཧན་གོ་དང་ཨོ་སི་ཁྲུ་ལི་ཡ་སོགས་དབར་རང་མོས་ཚོང་དོན་ཁུལ་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་དེ“སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར”གྲོས་འགོར་རིམ་གྱིས་རྩ་བ་ཚུགས་ནས་ལོ་འདབ་རྒྱས་ཡོད།

—— འབོ་གསེར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་འཕྲལ་སྡོམ་གྲབས་གསོག་བཀོད་སྒྲིག་ལས་དོན་ལ་རིམ་གྱིས་སྐུལ་མ་ཐེབས་པ་ནས་ཡོ་རོབ་བསྐྱར་དར་གསར་སྤེལ་དངུལ་ཁང་ནང་འཛུལ་རྒྱུར་ཆོག་མཆན་ཐོབ་པའི་བར“ཀྲུང་གོ་རྟགས་ཅན”དེ་རྒྱལ་ཁབ་ཁག་དང་མཉམ་དུ་བསྐྱོད་ཡོད།

—— “ཀྲུང་གོའི་མྱུར་བགྲོད་ལྕགས་ལམ”ནས་ཉིང་རྡུལ་གློག་ཁང“ཧྭ་ལུང་རྟགས་ཅན་ཨང་དང་པོའི”བར་ཀྲུང་གོའི་སྤུས་རྟགས་དང་ཀྲུང་གོའི་བཟོ་སྐྲུན་རྩེ་གྲ་སྔར་བས་འཛམ་གླིང་ཕྱོགས་སུ་བསྐྱོད་ཡོད།

—— ཀྲུང་གོའི་འགོ་ཁྲིད་ཀྱིས་རྒྱལ་ཁབ་ཀྱི་སྲོག་ཤིང་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་མཐའ་ཚད་མཐའ་འཁྱོངས་དང་ཁེ་ཕན་བསྲུངས་པའི་ཐོག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ་མ་ཟད། འགལ་ཟླ་དོ་དམ་དང་ཚོད་འཛིན་བྱས་ཡོད།

དེ་ནི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཤིག་ཡིན། 2015ལོའི་ཟླ་11ཚེས་30ཉིན་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་མི་དམངས་ཤོག་སྒོར་དམིགས་བསལ་དངུལ་ལེན་དབང་ཆའི་དངུལ་ལོར་འཆར་གཞིའི་ནང་འཇོག་རྒྱུའི་ཁྱབ་བསྒྲགས་བྱས་ཡོད།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུན་གྱིས་ཡིད་སྨོན་དང་བཅས་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུའི་ཚོགས་པ། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་བཅས་ཀྱི་ནང་དེ་བས་གལ་འགངས་ཆེ་བའི་ནུས་པ་འདོན་སྤེལ་བྱས་པ་དང་རྒྱལ་སྤྱིའི་མ་ལག་གི་ལྟ་སྟངས་ལའང་གཏན་འཁེལ་རང་བཞིན་གྱི་དོན་སྙིང་ལྡན་ཡོད་ཅེས་བརྗོད་ཡོད།

དུས་ཀྱི་འཁོར་ལོ་2016ལོའི་ཕྱོགས་སུ་བསྐྱོད་འགོ་ཚུགས།

ལོ་དེར་གོ་ལའི་དཔལ་འབྱོར་བཅོས་སྐྱོང་གི་སྟེགས་བུ་གལ་ཆེན་ཡིན་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་ཀྲུང་གོའི་ཧང་ཀྲོའུ་རུ་འཛོམས་ནས་མཉམ་དུ་འཛམ་གླིང་དཔལ་འབྱོར་གྱི་འབྱུང་འགྱུར་ལ་གྲོས་བསྡུར་བྱ་རྒྱུ་རེད།

ལོ་དེར་མི་དམངས་སྤྱི་མཐུན་རྒྱལ་ཁབ་འདི་ཉིད་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་ཕྱོགས་སུ་སྐྱོད་རྒྱུ་དང་འབྲེལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་འགོ་ཕྱེ་རྒྱུ་རེད།

དེ་ནི་མི་སེམས་ལ་སྐུལ་མ་ཐེབས་པའི་དུས་རབས་ཀྱི་འབོད་སྒྲ་ཡིན།

“ང་ཚོས་ལག་གདང་སྦྲེལ་བ་དང་དཔུང་པ་མཉམ་གཤིབ་ཀྱིས་ཀྲུང་གོའི་གྲུ་གཟིངས་ཀྱི་རླུང་གཡོར་བསྒྲེངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འབར་བའི་ངོགས་སུ་ཕྱོགས་ནས་མུ་མཐུད་རླབས་གཤགས་མདུན་སྐྱོད་བྱེད་དགོས”།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།