ཚེས་8ཉིན་ནས་བཟུང་གཟི་གསེར་གནམ་གྲུ་ཐང་དུ་གནམ་གྲུ་བསྐྱར་འཕུར་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་སི་ཁྲོན་འགྲིམ་འགྲུལ་དངུལ་གཏོང་ཚོགས་པ་དང་སི་ཁྲོན་མཁའ་འགྲུལ་ཀུང་སི་ནས་རྒྱུས་ལོན་པ་ལྟར་ན། ཟླ་8ཚེས་8ཉིན་ནས་བཟུང་གཟི་གསེར་གནམ་གྲུ་ཐང་དུ་གནམ་གྲུ་བསྐྱར་འཕུར་བྱེད་མགོ་བརྩམས་པ་དང་། ཐོག་མར་ཁྲེང་ཏུའུ་ནས་གཟི་རྩ་སྡེ་དགུའི་བར་གྱི་མཁའ་ལམ་སླར་གསོ་བྱ་རྒྱུ་རེད།

མཁའ་ལམ་སླར་གསོ་བྱས་རྗེས་གཟའ་འཁོར་རེར་གནམ་གྲུ་ཐེངས་གསུམ་ལ་འཕུར་འབབ་བྱེད་པ་སྟེ། གཟའ་མིག་དམར་དང་གཟའ་ཕུར་བུ། གཟའ་སྤེན་པ་བཅས་ཡིན་ལ། ཉིན་རེའི་དུས་ཚོད་10དང་སྐར་20ལ་ཁྲེང་ཏུའུ་ནས་འཕུར་བ་དང་དུས་ཚོད་11དང་སྐར་20ལ་གཟི་གསེར་གནམ་གྲུ་ཐང་དུ་འབབ་རྒྱུ་དང། དུས་ཚོད་12དང་སྐར་10ལ་གཟི་གསེར་གནམ་གྲུ་ཐང་ནས་འཕུར་བ་དང་དུས་ཚོད་13དང་སྐར་15ལ་ཁྲེང་ཏུའུ་རུ་འབབ་རྒྱུ་རེད།

ད་ལོའི་ཟླ་9བ་ནས་བཟུང་། ཉིན་རེར་ཁྲེང་ཏུའུ་ནས་གཟི་རྩ་སྡེ་དགུའི་བར་དུ་འཕུར་བའི་གནམ་གྲུ་གཅིག་ཡོད་པ་དང་། ལོ་འདིའི་ནང་དུ་ཁྲུང་ཆིང་དང་ཞི་ཨན། པེ་ཅིང་། ཧྲང་ཧའེ། ཧང་ཀྲོའུ་སོགས་བར་གྱི་མཁའ་ལམ་སླར་གསོ་ཐུབ་པར་འབད་རྒྱུ་རེད།།


རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།