རྔ་བ་ཁུལ་གྱིས་ལས་ཞུགས་དབུལ་སྐྱོར་གྱི་ལས་དོན་ཆེན་པོ་དྲུག་ལག་བསྟར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   དམངས་ཕན་སྲིད་ཇུས་ཁག་ལག་བསྟར་དོན་འཁྱོལ་བྱས་ནས་ལས་ཞུགས་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད། ད་ལོར་རང་ཁུལ་གྱིས་ལས་ཞུགས་དབུལ་སྐྱོར་གྱི་ལས་དོན་ཆེན་པོ་དྲུག་ལག་བསྟར་བྱས་ནས་དབུལ་བྲལ་གནད་སྒྲོལ་གྱི་ལས་ཀར་རྨང་གཞི་བརྟན་པོར་བཏང་ཡོད།

དབུལ་སྐྱོར་གསར་འཛུགས་ཀྱི་ལས་ཀ་ལག་བསྟར་བྱས་ཏེ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ངལ་རྩོལ་པ་དབུལ་བོ་ལས་ཞུགས་སུ་བསྡུ་ལེན་བྱེད་པ་དང་། ངལ་རྩོལ་འདུས་ཚད་ཆེ་བའི་ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ངལ་རྩོལ་ནུས་ཤུགས་སྒྲིག་འཛུགས་བྱས་ནས་ཁྱིམ་སྡོད་ལས་ཞུགས་དང་སྟབས་བསྟུན་ལས་ཞུགས་བཅས་ལ་སྐུལ་བ་དང་། ཁེ་ལས་ལ་རྒྱབ་སྐྱོར་བྱས་ནས་ཡུལ་ཚོ་དང་གྲོང་རྡལ་དུ་དབུལ་སྐྱོར་གསར་འཛུགས་དང་ལས་སྣོན་ས་ཚིགས་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ་ལོ་གཉིས་ཀྱི་དུས་ཚོད་ནང་དུ་ལས་ཞུགས་དབུལ་སྐྱོར་བྱེད་ས་100སྐྲུན་ཐུབ་པར་འབད་བརྩོན་བྱས།

ལས་རིགས་ནུས་རྩལ་གསོ་སྦྱོང་བྱེད་པའི་ལས་ཀ་ལག་བསྟར་བྱས་ནས། དབུལ་ཕོངས་ཀྱི་ངལ་རྩོལ་ནུས་ཤུགས་སྒྲིག་འཛུགས་བྱས་ནས་ལས་གནས་སུ་མ་ཞུགས་གོང་གི་གསོ་སྦྱོང་དང་ཚོང་ཟོག་གི་མངག་ཐོའི་གསོ་སྦྱོང་རྩ་འཛུགས་བྱས་པ་དང་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་ལས་ཀ་སྤེལ་ཏེ། རང་ཡུལ་དུ་ལོག་པའི་ལས་གཏོད་གླིང་ཁུལ་དང་གྲོང་གསེབ་ཀྱི་ལས་གཏོད་གསར་གཏོད་གླིང་ཁུལ་བསྐྲུན་ནས་ལས་གཏོད་ཞབས་ཞུའི་སྟེགས་བུ་དང་། བསྐྱར་གཏོད་རྣམ་གྲངས་ཀྱི་སྡེ་དང་མཛུབ་ཁྲིད་དགེ་རྒན་གྱི་སྡེ། རིགས་གཅིག་མཁས་ཅན་གྱི་སྡེ་སོགས་བཙུགས་ཏེ་ཕ་ཡུལ་དུ་ལོག་ནས་གྲོང་གསེབ་ཏུ་ལས་གཏོད་བྱེད་པའི་དཔེ་སྟོན་རྫོང་དང་གྲོང་ཁྱེར་3ནས་5ཙམ་བཙུགས།

ལས་ཞུགས་ཀྱི་དཔེ་སྟོན་རྫོང་གཏོད་པའི་ལས་ཀ་ལག་བསྟར་བྱས་ཏེ། རིམ་པ་མང་བའི་མཉམ་ལས་ཕྱིར་གཏོང་གི་ལམ་སྲོལ་འཛུགས་པ་དང་། ལས་གནས་འདོན་སྤྲོད་ཀྱི་གསལ་ཐོ་དང་ལས་འཚོལ་དགོས་མཁོའི་གསལ་ཐོའི་ལམ་ལུགས་འཛུགས་པ། ཕྱི་ཡུལ་དུ་ལས་ཀ་བྱེད་འདོད་ཡོད་པའི་ངལ་རྩོལ་ནུས་ཤུགས་ཚང་མར་ལས་གནས་ཀྱི་ཆ་འཕྲིན་ཐེངས་3ལས་མི་ཉུང་བ་མཁོ་འདོན་བྱེད་པ་བཅས་བྱས།

གལ་ཆེའི་སྲིད་ཇུས་ལག་བསྟར་ནན་མོ་བྱས་ཏེ། སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྣོན་དང་ཕྱིར་སྤྲོད་བྱས་པའི་ལས་གནས་སུ་ངལ་རྩོལ་ནུས་ཤུགས་དབུལ་ཕོངས་ཅན་བཀོད་སྒྲིག་བྱེད་པ་དང་། ལམ་གསོ་དང་ནགས་སྲུང་། རྩྭ་སྲུང་སོགས་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་བྱས།

དེ་མིན་ལས་ཞུགས་དབུལ་སྐྱོར་གྱི་དྲིལ་བསྒྲགས་ལས་ཀ་ལག་བསྟར་བྱས་སོ། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།