དཀར་མཛེས་ཁུལ་གྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་འགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས14ཉིན་གྱི་སྔ་དྲོར་ཁུལ་ཨུའི་མང་ཚོགས་སྒྲོག་འགྲེལ་ཚོགས་པས་འཆམ་མཐུན་གྲོང་གསེབ་ཏུ་སྤེལ་བའི་སྒྲོག་འགྲེལ་བྱེད་སྒོ་དེ་དར་མདོ་གྲོང་ཁྱེར་གྱི་ཡུལ་ཤོག8དང་དགོན་ཁག3གྱི་ནང་དུས་ཅིག་ཅར་དུ་སྤེལ་མགོ་བརྩམས་པ་རེད།  འདི་ནི་དཀར་མཛེས་ཁུལ་གྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་སྒྲོག་འགྲེལ་བྱེད་སྒོ་གཞི་རིམ་དུ་སྤེལ་འགོ་བརྩམས་པ་མཚོན་པ་རེད།

1497579907298681.jpg

ཤེས་རྟོགས་བྱུང་བར་གཞིགས་ན། ཟླ6པའི་ཚེས14ནས་ཚེས30བར་དུ་ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པ་རྫོང(གྲོང་ཁྱེར)18དང་དུང་དཀར་ལུང་པ་མཛེས་ལྗོངས་དོ་དམ་ཅུས་བཅས་སུ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཁྲིམས་སྐྱོང་གི་འདུ་ཤེས། དབུལ་ཐར་འགག་སྒྲོལ་སོགས་བརྗོད་བྱའི་སྙིང་པོ་རུ་བཟུང་ནས་རྫོང་དང་ཡུལ་ཤོག  གྲོང་སྡེ། དགོན་སྡེ་སོགས་སུ་སྒྲོག་འགྲེལ་བྱ་རྒྱུ་རེད།

1497579907611625.jpg

ཉིན་འདིར་སྤེལ་བའི་སྒྲོག་འགྲེལ་བྱ་ཡུལ་ནི་དར་མདོ་གྲོང་ཁྱེར་གྱི་སྐྱིད་ཐང་གྲོང་རྡལ་དང་། གཡུལ་ཐང་ཡུལ་ཤོག  ཕོག་ཐག་ཡུལ་ཤོག   སྨད་པ་ཡུལ་ཤོག   འགག་པ་ཡུལ་ཤོག  སྐྱ་གད་ཡུལ་ཤོག   བོན་པོའི་གཤིས་ཡུལ་ཤོག   ཕོ་སར་རོང་ཡུལ་ཤོག   ལྷ་མོ་རྩེ་དགོན་པ།  ལྷ་སྒང་དགོན་པ།  ཀ་བཞི་དགོན་བཅས་ཁྱོན་ཡུལ་ཤོག་དང་དགོན་སྡེ་བཅུ་གཅིག་གི་ས་རུ་ཐེངས་འདིའི་སྒྲོག་འགྲེལ་ཚོགས་པའི་གྲུབ་མི་ཁུལ་མི་དམངས་ཁྲིམས་ཁང་དང་ཁུལ་ལས་བྱེད་སློབ་གྲྭ་སོགས་ཁུལ་རིམ་པའི་ལས་ཁུངས་ཀྱི་འགོ་ཁྲིད་དང་སློབ་གྲྭ་སོ་སོའི་ཆེད་མཁས་དགེ་རྒན་དག་གིས་དུས་ཅིག་ཅར་དུ་སྒྲོག་འགྲེལ་བྱས་ཡོད་པ་རེད། 

1497579907626543.jpg

འཕེལ་རྒྱས་ཀྱི་ལམ་བུ་འཐུས་ཚང་དུ་གཏོང་བ་དང་།  གཞི་རྟེན་གསར་གཏོད་ཀྱི་ཐབས་ལམ་དོན་འཁྱོལ་མཐར་ཕྱིན་བྱེད་སྟངས་ཐད་གསེད་འགྲེལ་བྱས་ཏེ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་། མི་རིགས་མཐུན་སྒྲིལ་དང་དབུལ་ཐར་འགག་སྒྲོལ། སྐྱེ་ཁམས་དཔལ་ཡོན་སོགས་ཀྱི་ནང་དོན་སོགས་གཙོ་བོར་བཟུང་ནས་དམངས་ཕན་སྲིད་ཇུས་གང་མང་གསལ་བཤད་བྱས་ཤིང་སྐྱེ་ཁམས་ཁོར་ཡུག་བདག་སྐྱོང་དང་སྲུང་སྐྱོང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ལུགས། ཚབས་ཆེ་བའི་རིམས་ནད་སྔོན་འགོག་བྱེད་སྟངས། བཟའ་བཅའ་དང་སྨན་རྫས་རིགས་སོགས་ཀྱི་ཉེན་མེད་ཤེས་བྱ་གསལ་བསྒྲགས་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཡང་དག་པའི་འགོ་ཁྲིད་འོག་ཏུ་དཀའ་གནད་དང་གཙོ་གནད་དཀྱིལ་སྙིང་དུ་བཟུང་ནས་ཕུལ་དུ་བྱུང་བའི་གྲུབ་འབྲས་འཐོབ་ཐབས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་པར་བསུ་མ་ཞུ་དགོས་པའི་སྐོར་སྒྲོག་འགྲེལ་ཕུན་སུམ་ཚོགས་པོ་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།