མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་གྲོས་ཚོགས་ཐེངས་བཅུ་དགུ་བ་ཟི་ལིང་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་དགུ་བའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་གྲོས་ཚོགས་ཐེངས་བཅུ་དགུ་བ་ཟི་ལིང་ནས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་བྱ་བར་བླང་བྱ་བཏོན་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་ཚོགས་འདུར་ཞུགས་ནས་གཏམ་བཤད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཐུང་ཏི་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་ཚོགས་འདུར་ཞུགས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཝང་ཅན་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་བྱ་བར་ཁས་ལེན་ཡང་དག་བྱིན། ཁོས་བསྟན་དོན། དམངས་སྲིད་བྱ་བ་ནི་སྤྱི་ཚོགས་བཅོས་སྐྱོང་གི་ཆེས་མདུན་ས་ན་གནས་ཡོད་པས། འོས་འགན་ལྕི་ལ་འགན་འཁྲིར་གཟི་བརྗིད་ལྡན། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་མ་ལག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་སྲིད་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱེད་དགོས། ཁྱོན་ཡོངས་ནས་རྒྱལ་ཡོངས་དམངས་སྲིད་བྱ་བའི་གྲོས་ཚོགས་ཐེངས་བཅུ་བཞི་བའི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱས་ནས། དུས་རབས་གསར་པའི་དམངས་སྲིད་བྱ་བའི་འགན་ནུས་ངེས་གནས་ཁོང་དུ་ཆུད་པ་བྱེད་དགོས་ལ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ་དམངས་ལ་བརྩེ་བ་ཟབ་མོ་བཅངས་ནས། གཞི་རྩའི་དམངས་ཚིས་འགན་སྲུང་ལམ་ལུགས་ཟམ་མ་ཆད་པར་འཐུས་ཚང་དུ་གཏོང་དགོས། ཤུགས་ཆེན་པོས་གཞི་རྩའི་སྤྱི་ཚོགས་ཞབས་ཞུའི་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་དགོས། གཞི་རྩའི་སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཟམ་མ་ཆད་པར་ཇེ་མཐོར་གཏོང་དགོས་པ་བཅས་ལ་འབད་མཐར། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་ཐོབ་པར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས་ཟེར།

ལིག་ཉིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་དང་རྒྱལ་ཁབ་ལས་དོན་འཕེལ་རྒྱས་སྤྱིའི་མཐོ་ཚད་ནས་འགྲེང་སྟེ། དམངས་སྲིད་བྱ་བའི་གོ་གནས་དང་བྱེད་ནུས། འགན་ནུས་དང་འགན་འཁྲི། གཞི་རྩའི་འགན་སྲུང་། འཕེལ་རྒྱས་སྒུལ་ཤུགས། བྱ་བའི་བླང་བྱ་བཅས་ལ་འགྲེལ་བརྗོད་ཡག་པོ་གནང་བ་རེད། རྒྱལ་ཡོངས་དམངས་སྲིད་བྱ་བའི་གྲོས་ཚོགས་ཐེངས་བཅུ་བཞི་བ་མ་བསྡུས་པའི་སྔ་ཉིན། སྤྱིི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་སྲིད་བྱ་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས། དབུལ་ཐར་མཁྲེགས་གཏོར་དང་དམིགས་བསལ་མང་ཚོགས་པ། མང་ཚོགས་ཀྱི་དོ་ཁུར་བྱེད་ཡུལ་བཅས་ལ་དམིགས་བཙུགས་ཏེ། གཞི་རྩའི་དམངས་ཚིས་འགན་སྲུང་དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་། གཞ་རྩའི་སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་འགན་ནུས་སྐོར་ནས་འདུས་གསུམ་རྨང་གསུམ་གྱི་བླང་བྱ་ཆེན་པོ་བཏོན་ནས། དམངས་སྲིད་བྱ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་དང་གཞི་རྩའི་ཆོས་ཉིད་འདོན་སྤྲོད་གནང་། ང་ཚོས་དུས་རབས་གསར་པའི་དམངས་སྲིད་བྱ་བ་ཡི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས། ཁྱོན་ཡོངས་ནས་དུས་རབས་གསར་པའི་དམངས་སྲིད་བྱ་བའི་འགན་ནུས་དང་འགན་འཁྲི་ལག་བསྟར་བཟང་བོ་བྱས་ཏེ། དུས་རབས་གསར་པའི་དམངས་སྲིད་བྱ་བ་བཟང་བོར་བསྒྲུབ་པ་ལ་ཉེ་བར་མཁོ་བའི་ཐུན་མོང་གི་ལྟ་བ་དང་གཅིག་བསྡུས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་གྲུབ་པར་འབུངས་དགོས་ཟེར།

ཁོང་ཡུང་གིས་སྤྱི་སྡོམ་ཚོགས་འདུའི་སྟེང་ནས་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ལས་དོན་གསར་གཏོད་འཕེལ་རྒྱས་འགྲོ་བའི་ཐད་ནས་བླང་བྱ་ཞིབ་ཕྲ་བཏོན།

ཚོགས་འདུ་མ་བསྡུས་པའི་སྔོན་ལ་ལིག་ཉིང་གིས་ཚོགས་ཞུགས་འཐུས་མི་རྣམས་དང་ལྷན་དུ་མཉམ་པར་བསྐྱོན།

གྲོས་ཚོགས་ལས་ད་དུང་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་མ་ལག་གི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱས།

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།