ཞིང་ཆེན་ཡོངས་ཀྱི་དགེ་རྒན་རྣམས་ལ་སྤྲིངས་བའི་འཚམས་འདྲིའི་ཡི་གེ

ཞིང་ཆེན་ཡོངས་ཀྱི་དགེ་རྒན་རྣམས་ལ་སྤྲིངས་བའི་འཚམས་འདྲིའི་ཡི་གེ

ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་རྣམས་ལ།

དགེ་རྒན་དུས་ཆེན་ཐེངས་སོ་ལྔ་པ་སླེབས་པའི་དུས་འདིར་ངས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་དགེ་རྒན་ཁྲི7ལྷག་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན་པ་དང་ལྷན་རྒྱས་དུས་ཆེན་སྤྲོ་བོ་ཡོང་བར་ཤོག

དུས་ཡུན་རིང་པོའི་ནང་རང་རེའི་ཞིང་ཆེན་གྱི་རྒྱ་ཆེའི་དགེ་རྒན་ཚོས་ཐོག་མཐའ་བར་གསུམ་དུ་བློ་དཀར་སེམས་དཀར་གྱིས་ཏང་དང་མི་དམངས་ཀྱི་སློབ་གསོའི་བྱ་གཞག་ལ་འབད་པ་དང་། ཏང་གི་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས་དཀའ་སྤྱད་འབད་བརྩོན་གྱིས་སྤྱི་ཚོགས་ལ་ལེགས་སྐྱེས་ཕུལ་བ་དང་། བླ་ན་མེད་པའི་འགན་འཁྲི་ཕྲག་ཏུ་ཁུར་ཞིང་སྤྱོད་བཟང་དར་སྤེལ་གྱིས་མི་སྣ་གསོ་སྐྱོང་བྱས་ཏེ་མི་དམངས་དགེ་རྒན་གྱི་བླ་ན་མེད་པའི་གཤིས་རྒྱུད་བཟང་བོ་མངོན་ནས་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་བྱ་གཞག་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེད་དུ་བྱས་རྗེས་བླ་མེད་བཞག་ཡོད་པས། ཁྱེད་རྣམས་ཀྱིས་སྐུ་ཚེགས་མྱང་སོང་།

དུས་རབས་གསར་པའི་ལམ་དུ་བསྐྱོད་ནས་ཕུགས་འདུན་གྱི་བློ་ཁ་གསར་བར་སྙེག་དགོས། རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་དང་རྒྱལ་ཁབ་ལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་གཟི་བརྗིད་ཀྱི་ལས་འགན་ཕྲག་ཏུ་ཁུར་ཡོད་ལ། ཤེས་བྱ་ཁྱབ་སྤེལ་དང་བསམ་བློ་ཁྱབ་སྤེལ། བདེན་དོན་ཁྱབ་སྤེལ་བྱེད་པའི་འགན་འཁྲི་དང་དུ་བླངས་ནས། བླ་སྲོག་སྤྲོད་པ་དང་ཚེ་སྲོག་བསྐྲུན་པ། མི་སྣ་གསར་པ་སྐྱེད་སྲིང་བཅས་བྱེད་པའི་དུས་རབས་ཀྱི་ལས་འགན་གལ་ཆེན་ཡང་ཕྲག་ཏུ་འཁུར་ཡོད། རྒྱ་ཆེའི་དགེ་རྒན་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་ཏེ། “འདུ་ཤེས་བཞི”དང“ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ་དང་། “སྲུང་སྐྱོང་གཉིས”དོན་དུ་གཉེར་ནས་ཕྱོགས་ཡོངས་ནས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་དང་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་ཡག་པོ་བྱེད་པ་དང་། རང་རྟོགས་སྒོས་སྤྱོད་བཟང་ལ་བརྟེན་ནས་མི་སྣ་གསོ་སྐྱོང་དང་དཔེ་ཁྲིད་མི་སྐྱོང་གི་འགན་འཁྲིའི་བསམ་པ་དང་གཟི་བརྗིད་བསམ་པ་ཆེ་རུ་གཏོང་བ་དང་། ཧུར་བརྩོན་གྱིས་དུས་རབས་གསར་པའི་མཚོ་སྔོན་གྱི་སློབ་གསོའི་བྱ་གཞག་ཁྲོད་ཞུགས་ནས་ཕུགས་བསམ་དང་དད་སེམས་ལྡན་པ་དང་། ཀུན་སྤྱོད་དང་བསམ་ཚུལ་ཡག་པ། ཤེས་བྱའི་མཁྱེན་རྒྱ་ཡངས་བ། བྱང་སེམས་ལྡན་པའི་དགེ་རྒན་ཡག་པོ་ཞིག་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་ཆེད་སྔར་ལས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་བ་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་ཐོབ་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་དགོས།

མཐར་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་རྣམས་ཀྱི་གཟུགས་གཞི་བདེ་ཐང་དང་། བྱ་བ་ལམ་འགྲོ ཁྱིམ་ཚང་འཆམ་མཐུན་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལིག་ཉིན།

2019ལོའི་ཟླ་9ཚེས་10ཉིན།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།