རྐང་ཚ་རྫོང་དུ་ཚངས་དབྱངས་རྒྱ་མཚོའི་སྙན་ངག་བརྗོད་གཞི་བྱས་པའི་པར་ལེན་གླེང་སྟེགས་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཀྲུང་གོ་གསར་བ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་ཆེད།  ཟླ་བརྒྱད་པའི་ཚེས་བདུན་ཉིན།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་ཚངས་དབྱངས་རྒྱ་མཚོའི་སྙན་ངག་བརྗོད་གཞི་བྱས་པའི་པར་ལེན་གླེང་སྟེགས་བྱ་འགུལ་སྤེལ།

ཐེངས་འདིའི་བྱ་འགུལ་ལ་མཚོ་སྔོན་ཞིང་ཆེན་གྱི་སྙན་ངག་པ་དང་རྩོམ་པ་པོ། པར་ལེན་མཁན།  སྨྱན་བྱད་མི་སྣ་བཅས་གདན་ཞུ་གནང་ནས་བཞུགས་མོལ་ཚོགས་འདུ་བསྡུས།     རིག་གནས་དང་ཡུལ་སྐོར་མཉམ་བསྲེས་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནད་དོན་སོགས་ལ་ཞིབ་བསྡུར་དང་བརྗེ་རེས་འཚོལ་ཞིབ་བྱས།  དེ་མ་ཟད་བྱ་འགུལ་རབ་དང་རིམ་པ་སྤེལ་ནས།  བོད་མཁར་རྐང་ཚའི་རང་བྱུང་མཛེས་ལྗོངས་དང་།  སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས།   དཔལ་འབྱོར་འཕེལ་རྒྱས།  སྐྱེ་ཁམས་འཆམ་མཐུན།  མི་རིགས་མཐུན་སྒྲིལ།  སྤྱི་ཚོགས་ཡར་ཐོན་བྱུང་བ་སོགས་མངོན་གསལ་གྱིས་མཚོན་པའི་རྩོམ་རིག་སྒྱུ་རྩལ་བརྩམས་ཆོས་གསར་དུ་བརྩམས།  །

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།