ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པས་མཚོ་སྔོན་ཞིང་ཆེན་གྱི་བྱ་བར་ལྟ་ཞིབ་བྱེད་པའི་སྐུལ་སློང་ཚོགས་འདུ་ཟི་ལིང་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞི་ཅིན་ཕིན་གྱི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དྲུག་པ་ཉེ་ཆར་མཚོ་སྔོན་ཞིང་ཆེན་དུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱེད་པར་བཅའ་སྡོད་བྱས་པ་རེད། ཟླ7པའི་ཚེས་14ཉིན་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དྲུག་པས་མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་གྱི་སྐུལ་སློང་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། ལྟ་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་དབྱང་སུང་དང་ཙུའུ་ཀྲང་གཞོན་པ་ཧོང་རུན་ཆིའུ་ཡིས་ལྟ་ཞིབ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་སོ་སོར་གསུང་བཤད་གནང་བ་དང་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུ་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་སྐུལ་སློང་གསུང་བཤད་གནང་བ་དང་། ཚོགས་འདུ་ལ་མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་ལིའུ་ཉིང་གིས་གཙོ་སྐྱོང་གནང་བ་རེད། 

དབྱང་སུང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གྲས་སུ་བཞག་ཡོད་པར་བསྟན།

ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལམ་ལུགས་འཛུགས་པ་དང་ལག་བསྟར་བྱ་རྒྱུ་ནི་ཞི་ཅིན་ཕིན་གྱི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པའི་ནང་དོན་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་དངོས་སུ་དར་སྤེལ་དང་སྐུལ་འདེད་བཏང་ནས། ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་འགག་རྩའི་ལྷུ་ཚིགས་རེ་རེ་དང་འགག་རྩའི་དུས་སྐབས་ཚང་མར་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཞིང་། ལྟ་ཞིབ་སྙན་ཞུ་རེ་རེར་གཟིགས་ཞིབ་གནང་ལ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ་དང་། སྣོད་བཅུད་ཁོར་ཡུག་གི་གནད་དོན་མངོན་གསལ་དོད་པོའི་རིགས་ཐག་གཅོད་དང་། སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་གཙོ་གནད་དུ་འཛིན་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་བརྟན་དུ་གཏོང་བ་བཅས་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། 

ཝང་ཅན་ཅུན་གྱིས་རེས་སྐོར་གཉིས་པའི་ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱ་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ཏང་ཨུ་དང་། སྲིད་གཞུང་། འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་ཞི་ཅིན་ཕིན་གྱི་སྣོད་བཅུད་ཤེས་དཔལ་དགོངས་པ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས“འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། བསམ་བློ་གཅིག་གྱུར་ཏན་ཏིག་བྱེད་པ་དང་། ཚད་གཞི་མཐོ་བ་དང་ལས་ཕྱོད་ཆེ་བ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་ལྟ་ཞིབ་གཞོགས་འདེགས་འགན་ལེན་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད། 

བཀོད་སྒྲིག་ལྟར་ན། ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དྲུག་པ་བཅའ་སྡོད་དུས་ཚོད་ཟླ་བ་གཅིག་ཡིན་པ་རེད། བཅའ་སྡོད་བྱེད་རིང་། (2019ལོའི་ཟླ7ཚེས14ནས་ཟླ་8ཚེས14ཉིན་བར་ཡིན)ཆེད་མངགས་ལས་རེས་ཁ་པར་བཙུགས་ཡོད་པ་སྟེ། 0971--6101537དང་། ཆེད་མངགས་སྦྲག་སྲིད་ཡིག་སྒམ་ནི། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱིA146ཡིག་སྒམ་ཡིན་པ་རེད། ལྟ་ཞིབ་ཚོགས་ཆུང་གིས་ཐེར་འདོན་གོང་ཞུའི་ཁ་པར་བདག་སྤྲོད་བྱེད་པའི་དུས་ཚོད་ནི་ཉིན་རེའི་ཆུ་ཚོད8ནས20བར་ཡིན་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་དང་ལྟ་ཞིབ་ཚོགས་ཆུང་གི་འགན་འཁྲི་གཞིར་བཟུང་། ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གིས་གཙོ་བོ་མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཡིད་རྟོན་ཐེར་འདོན་བདག་སྤྲོད་བྱ་རྒྱུ་རེད། བདག་སྤྲོད་བྱེད་ཁོངས་སུ་མི་གཏོགས་པའི་ཡིག་བསྐུར་ངོ་བཅར་གྱི་གནད་དོན་གཞན་དག་གཏན་འབེབས་ལྟར་ལྟ་ཞིབ་བྱ་ཡུལ་ས་ཁུལ་ལ་ཐག་གཅོད་བྱ་རྒྱུར་སྤྲོད་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།