ལིག་ཉིང་གིས་འགོ་འཛིན་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་གཞུང་སྤྱོད་རླངས་འཁོར་ལམ་ལུགས་བཅོས་སྒྱུར་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་གཞུང་སྤྱོད་རླངས་འཁོར་ལམ་ལུགས་བཅོས་སྒྱུར་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཉིང་གིས་འགོ་འཛིན་བྱས་ནས་ཞིང་ཆེན་གཞུང་སྤྱོད་རླངས་འཁོར་ལམ་ལུགས་བཅོས་སྒྱུར་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཁུལ་དྲུག་གི་གཞུང་སྤྱོད་རླངས་འཁོར་ལམ་ལུགས་བཅོས་སྒྱུར་གྱི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས། ཁོས་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ། བརྟན་བརླིང་ངང་བྱ་བ་སྤེལ་ནས། མཚོ་སྔོན་ཞིང་ཆེན་གྱི་ཁུལ་དྲུག་གི་གཞུང་སྤྱོད་རླངས་འཁོར་ལམ་ལུགས་བཅོས་སྒྱུར་མགྱོགས་མྱུར་སྒོས་སྤེལ་དགོས་ཟེར།

ལིག་ཉིང་གིས་བསྟན་དོན། གཞུང་སྤྱོད་རླངས་འཁོར་ལམ་ལུགས་བཅོས་སྒྱུར་ནི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཡིན་ལ། སྲིད་ཇུས་རང་བཞིན་ལྡན་ཞིང་ཁྱབ་རྒྱ་ཆེ། དེའི་དམིགས་འབེན་ནི་སྲོལ་རྒྱུན་གྱི་གཞུང་སྤྱོད་རླངས་འཁོར་གྱི་འགན་སྲུང་རྣམ་པར་བཅོས་སྒྱུར་བྱས་ནས། དྭངས་གཙང་རང་བཞིན་གྱི་ལས་ཁུངས་དང་གྲོན་ཆུང་རང་བཞིན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན། 2017ལོའི་ལོ་སྨད་ནས་བཟུང་། ཞིང་ཆེན་རིམ་པ་དང་ཟི་ལིང་། མཚོ་ཤར་གྱི་གཞུང་སྤྱོད་རླངས་འཁོརབཅོས་སྒྱུར་བྱ་བའི་ཉམས་མྱོང་གྲུབ་འབྲས་རྨང་གཞི་རུ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་རང་སྐྱོང་ཁུལ་དྲུག་གི་གཞུང་སྤྱོད་རླངས་འཁོར་བཅོས་སྒྱུར་བརྟན་བརླིང་ངང་སྤེལ་བའི་ཐད་གྲུབ་འབྲས་ལྡན་པའི་བྱ་བ་མང་པོ་བསྒྲུབས་པ་དང་།  མིག་སྔར་ལག་བསྟར་གྱི་ཆ་རྐྱེན་འཛོམས་ཡོད་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། གཞུང་སྤྱོད་རླངས་འཁོར་ལམ་ལུགས་བཅོས་སྒྱུར་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་སོ་སོ་དང་ཁུལ་སོ་སོས་མཚོ་སྔོན་གྱི་ཁུལ་དྲུག་གི་གཞུང་སྤྱོད་རླངས་འཁོར་ལ་རྒྱབ་བརྟེན་པའི་ཚད་མཐོ་བའི་གནས་ཚུལ་དངོས་ལ་བསམ་གཞིགས་གཏོང་བ་དང་། ཀྲུང་དབྱང་གཞུང་སྤྱོད་རླངས་འཁོར་ལམ་ལུགས་བཅོས་སྒྱུར་གཞུང་སྒྲུབ་ཁང་དང་འབྲེལ་ཡོད་ཕྱོགས་ཀྱི་སྙན་ཞུ་དང་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་པ། འབྲེལ་ཡོད་ཀྱི་སྲིད་ཇུས་དྲིལ་སྒྲོག་དང་འགྲེལ་ཀློག ལག་བསྟར་བཟང་བོ་བྱས་ཏེ། གཞུང་སྤྱོད་རླངས་འཁོར་ལམ་ལུགས་བཅོས་སྒྱུར་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་སྔོན་གྱི་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། སྐོར་ཐེངས་གསར་བའི་ལས་ཁུངས་བཅོས་སྒྱུར་དང་། གཞུང་ཞབས་པའི་ལས་འགན་དང་རིམ་པ་ལག་བསྟར་བྱེད་པ་སོགས་རེ་བ་གསར་བར་དོ་སྣང་བྱེད་པ་དང་། གནད་དོན་གསར་བར་ཞིབ་འཇུག་དང་ཐག་གཅོད་བྱེད་པར་དོ་སྣང་བྱེད་པ། གཞུང་སྤྱོད་རླངས་འཁོར་གྱི་འགྲིམ་འགྲུལ་ཁ་གསབ་ཚད་གཞི་གཏན་འབེབས་དང་གཞུང་སྤྱོད་འགྲིམ་འགྲུལ་འགན་སྲུང་རྣམ་པའི་བཅོས་སྒྱུར་སོགས་བྱ་བ་བཟང་བོར་བསྒྲུབ་ནས། གོ་རིམ་ལྡན་པ་དང་བརྟན་བརླིང་ངང་སྤེལ་དགོས་ཟེར།

ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་དང་ཐེན་ཅིན་ཁྲིན་གཉིས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།