ཟི་ལིང་གྲོང་ཁྱེར་གྱིས2020ལོའི་བར་དུ་བཤམས་སྟོན་ཁང་གི་ཚོགསA5རིམ་པའི་ལྗོངས་ཁུལ་དུ་གསར་སྐྲུན་བྱེད་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱིས2020ལོའི་བར་དུ་བཤམས་སྟོན་ཁང་གི་ཚོགས་རྒྱལ་ཁབ་ཀྱི A5རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་གསར་སྐྲུན་བྱེད་རྒྱུ་རེད། མིག་སྔའི་བར་དུ། ཟི་ལིང་གྲོང་ཁྱེར་གྱི་བཤམས་སྟོན་ཁང་གི་ཚོགས་རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་གསར་སྐྲུན་བྱེད་པའི་སྟ་གོན་དང་སྐུལ་སློང་དུས་རིམ་གྱི་བྱ་བ་ཕལ་ཆེར་གྲུབ་སྟེ། ཁྱོན་ཡོངས་ནས་གསར་སྐྲུན་ལག་བསྟར་བྱེད་པའི་དུས་རིམ་དུ་སླེབས་ཡོད།

ཟི་ལིང་གྲོང་ཁྱེར་གྱི་བཤམས་སྟོན་ཁང་གི་ཚོགས་ནི་མཚོ་སྔོན་བོད་ཀྱི་རིག་གནས་བཤམས་སྟོན་གླིང(གླིང་གཅིག་དང་ཁང་གཉིས)དང་མཚོ་སྔོན་མདོ་དབུས་མཐོ་སྒང་རང་བྱུང་བཤམས་སྟོན་ཁང་། ཁུ་ནུ་གཡང་ཊི་རིག་གནས་བཤམས་སྟོན་ཁང་བཅས་ཀྱི“བཤམས་སྟོན་ཁང་ཆེན་པོ་བཞི”གཙོ་བྱས་ཏེ། རྒྱལ་ཡོངས་ཀྱི་བཤམས་སྟོན་ཁང་གི་ཚོགས་ཀྱི་ཡུལ་སྐོར་ཐོན་ཁུངས་དེ་རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་རེ་འདུན་ཞུས་པའི་ལས་ཁུངས་གཅིག་པུ་ཡིན་པས། ལྗོངས་ཁུལ་དེའི་ཐོན་ཁུངས་མཐོང་དཀོན་ཞིང་ཁྱད་ཆོས་ལྡན་པར་མ་ཟད། ཟི་ལིང་སྐྱེ་དངོས་ར་བ་ཁུལ་གྱི་ཐོན་ལས་ཀྱི་ཁྱད་ཆོས་དང་ལེགས་ཆ་མཚོན་ལ། རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་འཕེལ་ཕྱོགས་ཆེན་མོའང་མཚོན།

ཟི་ལིང་བཤམས་སྟོན་ཁང་གི་ཚོགས་དེ་རྒྱལ་ཁབ་ཀྱིA5རིམ་པའི་ལྗོངས་ཁུལ་དུ་གསར་སྐྲུན་བྱེད་དགོས་ན། ལྗོངས་ཁུལ་དེ་ཡུལ་སྐོར་ཐོན་ལས་ཅན་དང་ཚོང་ཁྲོམ་ཅན། སྤྱི་དམངས་ཅན་བཅས་སུ་གཏོང་བར་སྐུལ་འདེད་གང་ལེགས་བྱེད་པ་དང་། “རྒྱལ་ཁབ་ཀྱི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི”ཡི་ཚོང་རྟགས་གྲགས་ཅན་གྱི་ཕན་འབྲས་དང་འགྱེད་འཕྲོའི་ཕན་འབྲས་སྔར་བས་འདོན་སྤེལ་བྱས་ཏེ། ཟི་ལིང་གྲོང་ཁྱེར་གྱི་ལྗང་མདོག་དང་གསར་སྐྲུན། འཁོར་རྒྱུག་གསུམ་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་པར་རམ་འདེགས་ནུས་ལྡན་བྱེད་པ་དང་། ཆ་འཕྲིན་འཕྲིན་གཏོང་དང་རིག་གནས་གསར་སྐྲུན། སྤྲོ་གསེང་རྩེད་འཇོ། བརྡ་ཁྱབ་བརྒྱུད་སྒྲོག་སོགས་དེང་རབས་ཞབས་ཞུའི་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།