མཱ་ཅི་ཞོ་ཡིས་ཟི་ལིང་དམིགས་བསལ་རྣོ་ལྕགས་སྡེ་ཚོགས་ཀྱི་མང་ཚོགས་ཚོགས་པའི་ལས་བྱེད་པ་དང་ཐོན་ལས་བཟོ་བར་ཏང་གི་སློབ་ཁྲིད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞོ་ཟི་ལིང་དམིགས་བསལ་རྣོ་ལྕགས་མ་རྐང་ཚད་ཡོད་འགན་ལེན་ཀུང་ཟི་རུ་སོང་ནས་མང་ཚོགས་ཚོགས་པའི་ལས་བྱེད་པ་དང་ཐོན་ལས་བཟོ་བར་ཏང་གི་སློབ་ཁྲིད་བྱས།

མཱ་ཅི་ཞོ་ཡིས་བརྗོད་དོན་སློབ་གསོ་སྤེལ་བ་དང་རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པ། འོད་སྟོང་འབར་བའི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་པ། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ། ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་བྱེད་པ། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ། དུས་རབས་ཀྱི་སྙིང་སྟོབས་གསར་བ་དར་སྤེལ་གཏོང་བ་དང་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲངས་པ་བཅས་ཕྱོགས་བཞིའི་ཐད་ནས། ཏང་གི་ལོ་རྒྱུས་དང་བཟོ་བའི་ལས་འགུལ་གྱི་ལོ་རྒྱུས། མང་ཚོགས་ཚོགས་པའི་བྱ་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་ཁྱོན་ཡོངས་ནས་ཕྱིར་དྲན་བྱས་པ་དང་། འཛམ་གླིང་དང་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཞིང་ཆེན་གྱི་གནས་ཚུལ་ལ་རྐང་བཙུགས་ནས། བརྗོད་དོན་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་དང་ཞིང་ཆེན་ཡོངས་ཀྱི་མང་ཚོགས་ཚོགས་པའི་བྱ་བའི་རྣམ་པ་གསར་བ་བསྐྲུན་པའི་འགན་འཁྲི་ཁག་ཁུར་ཐད་ནས་གསལ་བཤད་གཏིང་ཟབ་བྱས།

མཱ་ཅི་ཞོ་ཡིས། མང་ཚོགས་ཚོགས་པ་སོ་སོའི་རྩ་འཛུགས་ཀྱིས་ཏང་གི་འགོ་ཁྲིད་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་བྱེད་པའི་ཆབ་སྲིད་ལས་འགན་ཕྲག་ཏུ་བླངས་ནས། རང་ཉིད་ཀྱིས་འབྲེལ་འདྲིས་བྱས་པའི་མང་ཚོགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དུས་རབས་ཀྱི་བརྗོད་སྙིང་ཁོང་དུ་ཆུད་པར་བྱེད་པ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལག་བསྟར་བྱེད་པ་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལག་བསྟར་བྱེད་པར་དམིགས་ནས་བྱས་རྗེས་འཇོག་པར་སྣེ་ཁྲིད་བྱེད་དགོས། ་མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཁྲིམས་ལྟར་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས། མང་ཚོགས་ཚོགས་པའི་བཅོས་བསྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་ནས། མང་ཚོགས་ཚོགས་པའི་བྱ་བའི་སྒུལ་ཤུགས་དང་གསོན་ཤུགས་ཆེར་སྐྱེད་དགོས་པའི་རེ་བ་བཏོན།

མཱ་ཅི་ཞོ་ཡིས། རྒྱ་ཆེའི་ལས་བཟོ་བས་རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཀླད་པར་དྲག་ཆས་སྤྲས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པ། ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས། ལག་ཤེས་པའི་སྙིང་སྟོབས། མཚོ་སྔོན་གསར་བའི་སྙིང་སྟོབས་དར་སྤེལ་གཏོང་བ། ཕུགས་འདུན་དང་ཡིད་རྟོན་ཡོད་པར་བྱེད་པ་དང་། ལག་རྩལ་ཁོང་དུ་ཆུད་པ་དང་གསར་གཏོད་ལ་མཁས་པར་བྱེད་པ། ཁག་ཁུར་བྱེད་ཕོད་པ་དང་བྱས་རྗེས་འཇོག་པ། ལྔ་བཞི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྤེལ་བའི་ཁྲོད་བཟོ་བའི་གྲལ་རིམ་གྱི་གཙོ་ཤུགས་ནུས་པ་འདོན་སྤེལ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།