ལིག་ཉིང་གིས་འགོ་འཛིན་བྱས་ནས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་བའི་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་དགུ་ཉིན། མཚོ་་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་འགོ་འཛིན་བྱས་ནས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་བའི་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསྡོམས་རྩིས་བྱ་བ་དང་དཔལ་འབྱོར་ཁྱབ་བཤེར་སྐོར་གྱི་རྣམ་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔལ་འབྱོར་ཁྱབ་བཤེར་གཞུང་སྒྲུབ་ཁང་དང་རྒྱལ་ཁབ་བསྡོམས་རྩིས་ཅུའུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་རེ་བ་ལྟར། འགོ་ཁྲིད་ལ་ཤུགས་སྣོན་པ་དང་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། བདེན་འཚོལ་དངོས་གཉེར་དང་ལེགས་ཐོག་ལེགས་འཚོལ་བྱས་ཏེ། སྤུས་ཚད་མཐོན་པོའི་ཁྱབ་བཤེར་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་བའི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་རྗེས། ལིག་ཉིང་གིས་བསྟན་དོན། བསྡོམས་རྩིས་བྱ་བ་ནི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བའི་རྨང་གཞི་རང་བཞིན་གྱི་བྱ་བ་ཡིན་ལ། རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་བ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་རྗེས་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་སྟོབས་ཤུགས་ཐད་ཀྱི་བརྟག་བཤེར་ཐེངས་དང་པོ་ཡིན་པས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཧ་ཅང་མཐོང་ཆེན་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་དང་ཁྱབ་བཤེར་མི་སྣས་ལོ་གཅིག་རིང་གི་འབད་འཐབ་བརྒྱུད་དེ། ཁྱབ་བཤེར་བྱ་བའི་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། རྒྱལ་ཁབ་བསྡོམས་རྩིས་ཀྱི་ཁས་ལེན་གང་ལེགས་ཐོབ། དུས་རབས་གསར་བའི་རེ་བ་གསར་བ་དང་། རིགས་སྣ་མང་བའི་ཚོང་རའི་གཙོ་གཞི་དང་རྣམ་པ་གསར་བ་དང་མ་དཔེ་གསར་བར་ཁ་གཏད་དེ། བསྡོམས་རྩིས་བྱ་བའི་ཐད་ནས་དུས་རབས་གསར་བའི་འཕེལ་རྒྱས་ཀྱི་རེ་བར་ཟུང་འབྲེལ་བྱེད་པ་དང་། གཞི་གྲངས་ཆེན་པོའི་འདུ་ཤེས་འཛུགས་པ། བསྡོམས་རྩིས་བྱེད་ཐབས་ཀྱི་ཚན་རིག་རང་བཞིན་དང་མ་དཔེ་བཀོད་སྒྲིག་གི་ལུགས་མཐུན་རང་བཞིན་སྟེང་ཤུགས་བཏོན་ནས། ཁྲིམས་ལྟར་དང་ཚན་རིག་དང་མཐུན་པ། གནད་ལ་འཁེལ་བའི་སྒོ་ནས་ཁྱབ་བཤེར་བྱེད་པ་དང་། གཞི་གྲངས་དངོས་མ་འཛུགས་པ་དང་གནས་ཚུལ་ལ་རྒྱུས་ལོན་མཐིལ་རྟོགས་བྱེད་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་བའི་བྱ་བའི་ཐད་ནས་སྤུས་ཚད་འཐེན་ཞིབ་དུས་རིམ་དུ་ཞུགས་ལ་ཉེ་བ་དང་། དེ་ནི་ཁྱབ་བཤེར་བྱ་བའི་ཐད་ཀྱི་ཁྱོན་ཡོངས་ཀྱི་ལྟ་ཞིབ་རྩིས་ལེན་དང་ཤན་འབྱེད་ཐེངས་གཅིག་ཡིན་པས། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ཇེ་མཐོར་གཏོང་བ་དང་། གཞི་གྲངས་ཁྲོད་ཆབ་སྲིད་ཡོད་པ་དང་གཞི་གྲངས་ཁྲོད་ཁྲིམས་སྐྱོང་ཡོད་པ། གཞི་གྲངས་ཁྲོད་སྤྱོད་ཚུལ་ཡོད་པ། གཞི་གྲངས་ཁྲོད་སྒྲིག་ལམ་ཡོད་པར་ངོས་འཛིན་གཏིང་ཟབ་བྱས་ནས། མུ་མཐུད་དུ་ཁྲིམས་ལྟར་ཁྱབ་བཤེར་བྱ་བ་བཟང་བོར་བསྒྲུབ་དགོས། གནད་ཕིགས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། གཞི་གྲངས་ཀྱི་སྤུས་ཚད་ཇེ་ལེགས་སུ་བཏང་སྟེ། གཞི་གྲངས་སྣ་ཚོགས་བདེན་པ་ཡིན་པ་དང་ཡང་དག་པ། དབང་ཟིལ་ལྡན་པ་དང་བློ་གཏད་ཆོག་པར་ཁག་ཐེག་བྱེད་དགོས། ཁྱབ་བཤེར་དྲིལ་སྒྲོག་རྒྱ་ཆེར་སྤེལ་བ་དང་། དཔེ་མཚོན་འཛུགས་པ་དང་ཕུལ་བྱུང་འདེམ་པ། ཁྲིམས་འགལ་ལ་ཆད་གཅོད་བྱས་ཏེ། གླེང་ཕྱོགས་ཀྱི་སྣང་ཚུལ་བསྐྲུན་དགོས། སྡེ་ཁག་སོ་སོས་མཉམ་དུ་དམ་འཛིན་དང་དོ་དམ་བྱེད་པ་དང་། མཉམ་ལས་ལ་ཤུགས་བསྣན་ནས། གཞི་གྲངས་ཀྱི་སྤུས་ཚད་མཉམ་སྤྱོད་དང་ཞིབ་བསྡུར་ཞིབ་བཤེར་བྱ་བ་སྤེལ་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།