མཚོ་སྔོན་ཞིང་ཆེན་གྱི་ནོར་སྲིད་གནས་བབ་དབྱེ་ཞིབ་དང2020ལོའི་ཞིང་ཆེན་རིམ་པའི་སྡེ་ཁག་གི་སྔོན་རྩིས་སྒྲིག་ལུགས་ཆེད་དོན་གྲོས་ཚོགས་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་གནས་བབ་དབྱེ་ཞིབ་དང2020ལོའི་ཞིང་ཆེན་རིམ་པའི་སྡེ་ཁག་གི་སྔོན་རྩིས་སྒྲིག་ལུགས་ཆེད་དོན་གྲོས་ཚོགས་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས་ལོ་སྟོད་ཀྱི་ནོར་སྲིད་འགྲོ་སོང་དང་འཁོར་རྒྱུག་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། མིག་སྔའི་ནོར་སྲིད་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱས་ལ། ལོ་སྨད་དང2020ལོའི་ཞིང་ཆེན་རིམ་པའི་སྡེ་ཁག་གི་སྔོན་རྩིས་སྒྲིག་ལུགས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ད་ལོར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། ལྔ་བཞི་འཐབ་ཇུས་ལ་དམ་དུ་དམིགས་པ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་བརྟན་བརླིང་ངང་སྤེལ་བ། རང་འགུལ་གྱིས་འབད་འཐབ་བྱས་པ་དང་དཀའ་ཁག་ཁྱད་སེལ་བྱས་པས། ནོར་སྲིད་འཁོར་རྒྱུག་སྤྱི་ཁོག་ནས་བརྟན་ཞིང་གོ་རིམ་ལྡན་པ་དང་། སྟོབས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་འགན་སྲུང་དང་འདེགས་སྐྱོར་བྱས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ལོ་སྨད་ཀྱི་ནོར་སྲིད་བྱ་བའི་ཐད་ནས་གནས་བབ་གསར་བ་དང་ལས་འགན་གསར་བ། རེ་བ་གསར་བར་ཐུག་ཡོད་པས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་པ་དང་། གནས་བབ་ལ་རྒྱུས་ལོན་གསལ་བོ་བྱེད་པ། ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། སྟོབས་ཤུགས་ཡོད་རྒུས་བྱ་བ་སྣ་ཚོགས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། སྤྱིར་བཏང་གི་འགྲོ་གྲོན་ཇེ་ཉུང་དུ་གཏོང་བ་དང་། མ་དངུལ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། ནོར་སྲིད་འགྲོ་གྲོན་གྱི་གྲུབ་ཚུལ་ལེགས་བསྒྱུར་བྱེད་པ། མ་དངུལ་བཀོལ་སྤྱོད་ཀྱི་ཕན་འབྲས་མཐོར་འདེགས་གཏོང་བ། ཚད་ཡོད་ཀྱི་མ་དངུལ་མཁོ་སར་བཀོལ་སྤྱོད་བྱས་ནས། དམངས་ཚིས་སྤྱི་ཡོངས་ལ་འགན་སྲུང་བྱེད་དགོས། ནོར་སྲིད་འགྲོ་གྲོན་གྱི་ཚན་རིག་རང་བཞིན་དང་ཕན་འབྲས་རང་བཞིན་ལ་དམིགས་ནས། སྔོན་རྩིས་གྲུབ་འབྲས་དོ་དམ་གཏིང་ཟབ་ཏུ་སྤེལ་བ། སྔོན་རྩིས་སྒྲིག་ལུགས་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བཏང་སྟེ། སྤུས་ཚད་མཐོན་པོས2020ལོའི་ཞིང་ཆེན་རིམ་པའི་སྡེ་ཁག་གི་སྔོན་རྩིས་སྒྲིག་ལུགས་ཡོངས་འགྲུབ་བྱེད་དགོས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲ་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་ལ་ཟུང་འབྲེལ་བྱེད་པ་དང་། རང་སྟེང་གི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ། འགན་སྒྲུབ་ནུས་པ་མཐོར་འདེགས་བཏང་ནས། བློ་དཀར་སྤྱོད་གཙང་དང་ཁག་ཁུར་ཡོད་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།