ཝང་ཅན་ཅུན་གྱིས་ཟི་ལིང་གྲོང་ཁྱེར་གྱི་ཏང་ཡོན་རྒན་པ་དང་འཚོ་བར་དཀའ་ཁག་ཅན་གྱི་ཏང་ཡོན་བཅས་ལ་འཚམས་འདྲི་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་གོ་བརྒྱད་འགོར་བའི་སྔ་ནུབ་ཏུ། ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ཟི་ལིང་གྲོང་ཁྱེར་གྱི་ཏང་ཡོན་རྒན་པ་དང་འཚོ་བར་དཀའ་ཁག་ཅན་གྱི་ཏང་ཡོན་ལ་འཚམས་འདྲི་བྱས་པ་མ་ཟད། གཞིས་ཁུལ་ཏང་འཛུགས་བྱ་བར་རྟོག་ཞིབ་བྱས་ཤིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་དུས་ཆེན་གྱི་སྨོན་འདུན་ཞུས།

ཁོས་ནན་གྱིས་བསྟན་དོན། ཏང་གི་སྟོབས་ཤུགས་དང་ཏང་གི་དཀྱིལ་སྙིང་གཞི་རིམ་ན་ཡོད་ལ། གཞི་རིམ་ཏང་གི་རྩ་འཛུགས་ནུས་པ་བཟང་ན། ཏང་གི་རྩ་འཛུགས་ནུས་པ་དང་གཅིག་བསྡུས་ནུས་པ་བཟང་བ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་རེ་བ་ལྟར། གཞི་རིམ་ཏང་རྩ་འཛུགས་དེ་སྐབས་གཉིས་པའི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཁྲོད་ཞུགས་ནས། བརྗོད་དོན་སློབ་གསོའི་རྩ་བའི་འགན་འཁུར་དང་སྤྱིའི་རེ་བ། ཞིབ་ཕྲའི་དམིགས་འབེན་བཅས་ལག་བསྟར་བཟང་པོ་བྱེད་དགོས་པ་དང་། ཞིང་ཆེན་ཏང་ཨུས་རྩ་འཛུགས་མ་ལག་འཛུགས་སྐྲུན་གྱི་ལོ་གསུམ་འགུལ་སྐྱོད་དམ་འཛིན་བཟང་པོ་བྱེད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་གཞི་རིམ་ལ་དོ་འཁུར་བྱེད་པ་དང་། གཞི་རིམ་ལས་བྱེད་ཀྱི་ཧུར་ཐག་རང་བཞིན་ལ་སྐུལ་འདེད་བཏང་ནས། གཞི་རིམ་ལ་དོ་དམ་བྱེད་མཁན་གྱི་མི་ཡོད་པ་དང་། ལས་ཀ་སྒྲུབ་བྱེད་ཀྱི་རྒྱུ་ཡོད་པ། བྱ་བ་སྒྲུབ་སའི་གནས་ཡོད་པར་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་འགན་ནུས་དང་། ཞབས་ཞུའི་ནུས་པ་དམ་འཛིན་བཟང་པོ་བྱས་ཏེ། འཕེལ་རྒྱས་ལ་སྐུལ་འདེད་དང་། མང་ཚོགས་ལ་ཞབས་ཞུ། མི་སེམས་གོང་བུ་གཅིག་སྒྲིལ། འཆམ་མཐུན་ལ་སྐུལ་འདེད་བཅས་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏོང་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་ཡིས་མཉམ་དུའཚམས་འདྲི་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།