མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ནས་ཚོང་རའི་གཙོ་གཞི་འཕེལ་རྒྱས་སྐུལ་འདེད་ལོའི་བྱ་འགུལ་སྤེལ་བའི་སྐུལ་སློང་བཀོད་སྒྲིག་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ནས་ཚོང་རའི་གཙོ་གཞི་འཕེལ་རྒྱས་སྐུལ་སྤེལ་ལོའི་བྱ་འགུལ་སྤེལ་བའི་སྐུལ་སློང་བཀོད་སྒྲིག་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ནས། ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོའི་འབྲེལ་ཡོད་བྱ་བའི་རེ་བ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། བྱ་བ་གཙོ་བོ་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་ལིག་ཐོ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། རིགས་མི་འདྲ་བའི་ཚོང་རའི་གཙོ་གཞི་སྣ་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ནི། མཚོ་སྔོན་ཞིང་ཆེན་གྱི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་དང་བྱེད་ཐབས་ཡིན། བསམ་བློ་གཅིག་གྱུར་བྱས་ཏེ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་ཚོང་རའི་གཙོ་གཞི་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། གཙོ་གནད་ཁོང་དུ་ཆུད་པར་བྱེད་པ་དང་། རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་རྐྱེན་སྲོལ་འཛུགས་པ། སྤུས་ཚད་མཐོར་འདེགས་གཏོང་བ། ཁོར་ཡུག་ལེགས་བསྒྱུར་བྱེད་པ། མ་རྩ་ཇེ་དམའ་རུ་གཏོང་བའི་ཐད་ཤུགས་བཏོན་ནས། ཞིང་ཆེན་ཡོངས་ཀྱི་ཚོང་རའི་གཙོ་གཞིའི་སྤྱི་གྲངས་ཚད་དང་དངོས་ཤུགས་མངོན་གསལ་སྒོས་མཐོར་འདེགས་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་ལས་སྐྲུན་གསོན་ཤུགས་དང་གསར་གཏོད་ནུས་པ་རྒྱུན་མཐུད་ངང་ཇེ་དྲག་ཏུ་བཏང་སྟེ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་དགོས་ཟེར།

ལིག་ཐོ་ཡིས་ནན་གྱིས་བསྟན་དོན། ཧ་ཅང་མཐོང་ཆེན་བྱེད་པ་དང་། གྲོས་ཚོགས་ཀྱི་དགོངས་དོན་ལ་རྒྱུས་ལོན་གཏིང་ཟབ་བྱས་ནས། ལས་བྱེད་པའི་དཔུང་སྡེས་བསམ་བློ་གཅིག་གྱུར་དང་གོམ་སྟབས་མཉམ་བསྒྱུར་བྱེད་པར་ཁག་ཐེག་བྱེད་དགོས། ལག་བསྟར་དམ་འཛིན་བྱེད་པ་དང་། ཚོང་རའི་གཙོ་གཞི་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་དུ་བརྩིས་ནས། བསམ་བློ་སྔར་ལས་བཅིངས་འགྲོལ་གཏོང་བ་དང་། བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། ཞབས་ཞུ་ལ་ཤུགས་བསྣན་ནས། བྱ་བའི་ལས་འགན་སྣ་ཚོགས་མྱུར་དུ་ཡོངས་འགྲུབ་བྱེད་དགོས། བྱ་བའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། ཇུས་གཞི་ཞིབ་མོ་འགོད་པ། སྲིད་ལུས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། བྱ་བ་མི་བསྒྲུབ་པ་དང་བྱ་བ་མྱུར་མོར་མི་བསྒྲུབ་པའི་སྤྱོད་ཚུལ་ལ་ཆད་གཅོད་ནན་མོ་བྱས་ཏེ། བྱ་འགུལ་ཐད་ནས་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།