མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་གྲྭའི་ཏང་གི་འཛུགས་སྐྲུན་དང་བསམ་བློ་ཆབ་སྲིད་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་གྲྭའི་ཏང་གི་འཛུགས་སྐྲུན་དང་བསམ་བློ་ཆབ་སྲིད་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲང་ཞི་མེན་ཚོགས་འདུར་ཞུགས་ནས་གཏམ་བཤད། ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཀྲང་ཞི་མེན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གྲྭའི་ཏང་གི་འཛུགས་སྐྲུན་དང་བསམ་བློ་ཆབ་སྲིད་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། འགན་འཁྲིའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་གཅིག་གྱུར་བཀོད་འདོམས་གནང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་རྒྱུ་སྒུལ་ཤུགས་ལ་བརྩིས་ཏེ། རྩ་འཛུགས་མ་ལག་འཛུགས་སྐྲུན་བྱ་བའི་ལོ་ངོ་གསུམ་གྱི་ལག་ལེན་འཆར་གཞི་དང་གཞི་གཅིག་ཏུ་བསྲེས་ནས་བཟུང་མཐར། དུས་རབས་གསར་བའི་སློབ་གྲྭའི་ཏང་འཛུགས་དང་བསམ་བློ་ཆབ་སྲིད་བྱ་བ་སྤེལ་བའི་ཆུ་ཚད་སྐས་རིམ་གསར་བ་ཞིག་ཏུ་བསྐྱལ་དགོས་ཟེར།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་འགན་ཁུར་མི་སྣས་འབྲེལ་ཡོད་བྱ་བའི་སྙན་ཞུ་ཕུལ། ཟི་ལིང་གྲོང་ཁྱེར་གྱི་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་དང་མཚོ་ལྷོ་ཁུལ་གྱི་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་དྲག་ཆས་ཉེན་རྟོག་ལས་རིགས་སློབ་གླིང་། མཚོ་ཤར་གྲོང་ཁྱེར་གྱི་སློབ་འབྲིང་གསུམ་པ། ཡུལ་ཤུལ་ཁུལ་གྱི་དར་དམར་སློབ་ཆུང་བཅས་ཀྱིས་བསམ་ཚུལ་བརྗེ་རེས་བྱས་ཏེ་གཏམ་བཤད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།