རང་བྱུང་གནོད་འཚེའི་མདུན་ན་ཏང་དང་མང་ཚོགས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ།

binary_middle (6).jpg

གྲོ་རེངས་སྡེ་བའི་ལས་བྱེད་པ་དག་གིས་རླངས་འཁོར་ནང་གི་གཟན་རྩྭ་ལེན་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་དཔྱིད་ཚུགས་པ་ནས་བཟུང་། རྨ་སྟོད་རྫོང་གི་ས་ཆར་བསྟུད་མར་ཁ་བ་བབས་ཏེ་སྒོ་ཕྱུགས་ཤི་བ་དང་། འབྲོག་པ་མང་ཚོགས་ཀྱི་ཕར་འགྲོ་ཚུར་འོང་གི་བགྲོད་ལམ་ལ་དཀའ་ངལ་འཕྲད་ཅིང་འཚོ་བར་ཤན་ཤུགས་ཐེབས་པས།རྨ་སྟོད་རྫོང་ཏང་ཨུ་དང་སྲིད་གཞུང་གིས་ཞང་སོ་སོའི་གནོད་འགོག་རྒུད་སྐྱོབ་བྱ་བར་སྔར་ལས་མཐོང་ཆེན་དང་བཀོད་སྒྲིག་ཞིབ་ཚགས་བྱས། རྨ་སྟོད་རྫོང་གྲོ་རེངས་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ནི་ས་དེའི་དབུལ་ཕོངས་མང་ཚོགས་ཀྱི་རྒྱབ་རྟེན་ལྟ་བུ་ཡིན་པས། གྲོ་རེངས་ཞང་གིས་ཀྱང་སྡེ་བའི་ལས་བྱེད་པ་དང་མང་ཚོགས་རྩ་འཛུགས་ཀྱིས་མཉམ་ལས་ཁང་གི་གནོད་ཐེབས་གནས་ཚུལ་ལ་རྒྱུས་ལོན་དང་གཟན་རྩྭ་དུས་ལྟར་མཁོ་འདོན་ལ་འགན་སྲུང་བྱས་ཏེ། ཁོ་ཚོ་ཁངས་གནོད་ལས་ཐར་བར་རོགས་རམ་བྱེད་བཞིན་ཡོད།

binary_middle (7).jpg

སྡེ་བ་འགན་ལེན་ལས་བྱེད་པ་དང་ལུག་རྫི་གཉིས་ཀྱིས་གཟན་ཆས་རྣམས་ཕྱོགས་གཅིག་ཏུ་འཇོག་བཞིན་པ།

binary_middle (8).jpg

སྡེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཁངས་ནང་དུ་ཟུག་པའི་གཟན་ཆས་དང་གཟན་རྩྭ་བསྐྱལ་ཡོང་བའི་རླངས་འཁོར་ལེན་རོགས་བྱེད་བཞིན་པ།

binary_middle (9).jpg

གྲོ་རེངས་སྡེ་བའི་ཕྱུགས་ལས་མཉམ་ལས་ཁང་དུ་བཅུག་པའི་ལུག་ཁྱུ།

binary_middle (5).jpg

གྲོ་རེངས་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ལུག་གིས་གཟན་རྩྭ་ཟ་བཞིན་པ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།