གངས་ཀྱིས་ཇི་ལྟར་མནར་རུང་ཏང་གི་བརྩེ་བ་དེ་ལྟར་དྲོད་ཁོལ་ལྡན།

binary_middle (1).jpg

དབྱིག་གཞུང་ཞང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞང་ཀྲང་གཞོན་པས་གནོད་ཁུལ་འབྲོག་ཁྱིམ་གྱི་སྒོ་རའི་ནང་གཟན་རྩྭ་སྐྱེལ་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ན་ནིང་གི་དགུན་ཚུགས་པའི་ཚུན་དུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་ཁ་བ་ཐེངས13ལ་བབས་པས་རྨ་སྟོད་དང་དར་ལག དགའ་བདེ། རྨ་ཆེན་བཅས་རྫོང4ཡི་ཞང་དང་གྲོང་རྡལ24ལ་ཚད་རིམ་མི་འདྲ་བའི་གངས་སྐྱོན་བྱུང་། རྨ་ཆེན་རྫོང་དབྱིག་གཞུང་ཞང་མཚོ་ངོས་ལས་མཐོ་ཞིང་དྲོད་ཚད་དམའ་བས་ཁ་བ་དུས་ཐོག་ཏུ་ཞུ་དཀའ་བ་དང་། དེའི་ཁར་བསྟུད་མར་ཁ་བ་བབས་པས་ཞིང་སྡེའི་གཞུང་ལམ་ཡང་དང་བསྐྱར་དུ་བགག་པས། ཕྱུགས་ཟོག་མང་པོ་ཞིག་གངས་སྐྱོན་ཁྲོད་དུ་ཤི་ཞིང་མང་ཚོགས་རྣམས་ལ་གངས་སྐྱོན་གྱིས་མནར་བའི་སྐབས་སུ། དབྱིག་གཞུང་ཞང་ཏང་ཨུ་དང་སྲིད་གཞུང་གིས་མི་སྣ་རྩ་འཛུགས་བྱས་ཏེ་དུས་ཐོག་ཏུ་ནུས་ཤུགས་ཡོད་རྒུས་གནོད་འགོག་རྒུད་སྐྱོབ་བྱས།

binary_middle (4).jpg

དབྱིག་གཞུང་ཞང་མངགས་གཏོང་ཁང་གི་ཉེན་རྟོག་པས་འགྲིམ་འགྲུལ་བགྲོད་ལམ་ཐོག་གི་ཁངས་འདྲད་བཞིན་པ།

binary_middle (3).jpg

དབྱིག་གཞུང་ཞང་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་ཀྱིས་གནོད་ཐེབས་འབྲོག་པའི་གནོད་ཐེབས་གནས་ཚུལ་ལ་ཞིབ་ཏུ་རྒྱུས་ལོན་བྱེད་བཞིན་པ།

binary_middle (2).jpg

དབྱིག་གཞུང་ཞང་མངགས་གཏོང་ཁང་གི་ལས་བྱེད་མི་སྣས་ཁ་བའི་ཀློང་ན་ཁ་ཟས་སྟབས་བདེར་རོལ་བཞིན་པ།

binary_middle.jpg

ཁངས་གནོད་ཀྱིས་ཤི་བའི་དབྱིག་གཞུང་ཞང་གི་འབྲོག་པའི་སྒོ་ཕྱུགས།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།