གོང་མ་སྡེ་བའི་འགྱུར་ལྡོག་གསར་པ།

ཉེ་ཆར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་གྱི་གོང་མ་སྡེ་བར་ཕྱིན་པ་ན། ཁོད་སྙོམས་པའི་སྡེ་བའི་གཞུང་ལམ་ངོས་སུ་སྣུམ་སྙིགས་བཏིང་ཡོད་ལ། རྣམ་པ་གཅིག་གྱུར་ཅན་གྱི་གྱང་ར་དང་སྒོ་ཆེན་དག་བསྟར་ཕྲེང་བསྒྲིགས་ནས་ཡོད། ཡངས་ཤིང་རྒྱ་ཆེ་བའི་རིག་གནས་ཐང་ཆེན་གྱི་སྟེང་དུ་ལུས་སྦྱོང་ཡོ་བྱད་གང་མཁོ་འཛོམས་ལ། ཐང་ཆེན་གྱི་དཀྱིལ་དབུས་ནི་མཐུན་པ་སྤུན་བཞིའི་འཇིམ་བརྐོས་དང་། ཐང་ཆེན་གྱི་མཐའ་ནི་གོང་མ་སྡེ་བའི་སློབ་ཆུང་དང་བུ་བཅོལ་ཁང་ཡིན་ལ། དཔེ་ཀློག་གི་སྐད་སྒྲ་སློབ་རའི་ནང་ནས་ལྷང་ལྷང་དུ་མཆེད་འོངས།

གོང་མ་སྡེ་བའི་དེ་རིང་གི་སྣང་ཚུལ་གསར་པ་འདི་ནི། ཉེ་བའི་ལོ་འགར“ཏང་འཛུགས་སྣེ་ཁྲིད+གཞི་རིམ་བཅོས་སྐྱོང”གི་སྤྱིའི་བསམ་ཕྱོགས་སུ་བཟུང་སྟེ་རྒྱུན་འཁྱོངས་བྱས་པ་དང་། ཤུགས་ཡོད་རྒུས“ཏང་ཀྲི་པུའུ་ཚད་ལྡན་ཅན་འཛུགས་སྐྲུན་གྱི་བཟོ་འགོད་ལག་བསྟར+ལྔ་སྦྲེལ་འདུམ་སྒྲིག་བྱ་བའི་ནང་རྐྱེན+བཅོས་སྐྱོང་གསུམ་གྱི་བྱ་བའི་བྱེད་ཐབས+འགན་སྲུང་གསུམ་གྱི་བྱེད་ཐབས”ཀྱི“ཏང་འཛུགས+གཞི་རིམ་བཅོས་སྐྱོང”གི533གྱི་བྱ་བའི་བྱེད་ཐབས་སྐྲུན་པར་བརྟེན་ནས་ཐོན་པ་རེད།

དེའི་ཁྲོད། “ལྔ་སྦྲེལ་འདུམ་སྒྲིག་བྱ་བའི་ནང་རྐྱེན”ནི་གོང་མ་སྡེ་བའི“533བྱ་བའི་བྱེད་ཐབས”ཁྲོད་ཀྱི་ལྷང་ངེ་ས་ཞིག་ཡིན་ཏེ། རྐ་འབའ་སུམ་མདོ་གྲོང་རྡལ་གྱི་གོང་མ་དང་ཁོ་རྒྱ། ཞོལ་མ། མགར་རྩེ། གཏེར་སྟོན་བཅས་སྡེ་བ་དང་། དེ་མིན་མཚོ་སྔོན་ཞིང་ཆེན་ཕྱུགས་རྩྭའི་སོན་བཟང་གསོ་སྤེལ་ར་བ་དང་འབའ་ཐང་སྡེ་ཁུལ་བྱང་མ་བཅས“སྡེ་བ་ལྔ་དང་། ར་བ་གཅིག སྡེ་ཁུལ་གཅིག”གིས“ལྔ་སྦྲེལ་འགལ་བའི་རྩོད་གཞི་འདུམ་སྒྲིག་ལྟེ་གནས”གྲུབ་སྟེ། འདུམ་སྒྲིག་ཨུ་ཡོན་ལྷན་ཁང་ནི་སྡེ་བའི་ལས་བྱེད་པ་དང་སྡེ་བའི་ནང་དུ་སྙན་གྲགས་ཧ་ཅང་མཐོ་བའི་རྒན་པས་གྲུབ་ཡོད།

འགལ་བ་ཆུང་ཆུང་གལ་ཏེ་དུས་ཐོག་ཏུ་སེལ་མ་ཐུབ་ཚེ། རིམ་གྱིས་གནད་དོན་ཆེན་པོར་འགྱུར་ཡང་སྲིད། གོང་མ་སྡེ་བ་དང་བཅས་པའི་སྡེ་བ་ལྔ་བོ་དེ་སྔོན་ཆད་ཚང་མ་འབའ་ཆུའི་ཁུལ་རྒྱུད་དུ་གཏོགས། ཉིན་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་བྱུང་བའི་རྩོད་གཞིའི་གནད་དོན་ཐག་གཅོད་པའི་ཆེད་དུ། “ལྔ་སྦྲེལ་འདུམ་སྒྲིག་ལྟེ་གནས”ཀྱིས་སྡེ་དམངས་བར་གྱི་འགལ་འདུའི་རྩོད་གཞི་རིགས་བགར་ནས་བསྒྲུབས་ཀྱང་། ཆེད་དུ་འདུམ་སྒྲིག་ལ་འགན་འཁུར་བའི་མི་སྣ་ཡོད་ལ། འདུམ་སྒྲིག་གྲོས་མཐུན་གྱི་ཡིག་ཁུག་བཟོ་བ། གྲོས་མཐུན་འཇོག་པ། དུས་མཇུག་ཏུ་ཕྱིར་འཚམས་འདྲི་སོགས་བྱས་ཏེ་འགལ་བ་རེ་རེ་མགོ་འབུས་ཙམ་ནས་མེད་པར་བཟོས་ཤིང་། གནད་དོན་ཐག་གཅོད་ཐུབ་པ་བྱུང་ན། སྡེ་དམངས་བར་རང་བཞིན་གྱིས་འཆམ་མཐུན་མཉམ་གནས་དང་ཀུན་པོས་འཕེལ་རྒྱས་ལ་བརྩོན་སྲིད།

སྡོད་དམངས་དུད་ཁྱིམ256དང་མི་གྲངས1083ཡོད་པའི་གོང་མ་སྡེ་བ་འདི་ནི། ཐུན་ཏེ་རྫོང་གཅིག་པོའི་ངོས་ཐད་ནས་བཤད་ན། མི་གྲངས་མང་ཞིང་སྡོད་གནས་འདུས་རུབ་ཡིན་པའི་སྡེ་བ་ཞིག་རེད། ས་གནས་རྫོང་མཁར་དང་ཐག་ཉེ་སར་ཡོད་ལ། དཔེ་མཚོན་ཅན་གྱི་ཞིང་ཕྱུགས་གཉིས་ཀ་གཉེར་བའི་གྲོང་ཚོ་ཞིག་རེད། ཐུན་མོང་མ་ཡིན་པའི་ས་ཁམས་གནས་སྟངས་ལ་བརྟེན་ནས། རྫོང་དང་ཞང་རིམ་པ་གཉིས་ཀྱི་སྡེ་ཁག་གིས་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་འོག 2013ལོར་རོགས་སྐྱོར་མ་དངུལ་སྣ་ཚོགས་ཧྲག་སྡེབ་བྱས་ཏེ། སྣུམ་བཙག་ལས་སྣོན་བཟོ་གྲྭ་ཞིག་བཙུགས།

གོང་མ་སྡེ་བའི་སྡེ་བ་ཡོངས་ལ་རྨོ་ཞིང་སྤྱི་ཆིང111.6ཡོད་ཀྱང་། སྐེ་ཚེ་བཏབས་ན་སྤྱི་ཆིང་རེའི་ཐོན་ཚད་སྤྱི་རྒྱ750ཙམ་ཡང་མི་ལོངས་པས། “ཞིང་བཏབ་ན་སྒོར་མོ་བཙལ་མི་ཐུབ”ཅེས་པ་ནི་སྡེ་དམངས་ཡོངས་ཀྱི་ལོ་མང་རིང་གི་གཅིག་མཐུན་གྱི་ངོས་འཛིན་རེད།

ས་ཞིང་འདི་འདྲའི་མང་པོ་ཞིག ཇི་ལྟར་བྱས་ན་ད་གཟོད་དེའི་ཕན་ཁེ་སྔོག་འདོན་བྱེད་ཐུབ་བམ། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ལས་བྱེད་པས་མནོ་བསམ་གང་མང་བགྱིས་ཏེ། མཐར་སྡེ་བ་ཡོངས་ཀྱི་ས་ཞིང་ཡོད་ཚད་སྡེ་བའི་མཉམ་ལས་ཁང་གིས་གཅིག་གྱུར་གྱིས་རྒྱུན་འཁོར་བྱས་ཏེ་གཞི་ཁྱོན་ལྡན་པའི་གཉེར་སྐྱོང་བྱེད་རྒྱུ་ཐག་བཅད།

སྡེ་སྡོད་ལས་བྱེད་པ་སྟག་འབྲུག་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར། སྐེ་ཚེ་བཙོང་བ་དང་སོག་མ་བཙོང་བར་བརྟེན་ནས་ཡོང་འབབ་ཅུང་ཙམ་ཡོད་པ་དང་། བརྔ་བསྡུ་ཚར་རྗེས་ཞིང་ས་ཕྱིར་གླས་ཏེ་ཕྱུགས་འཚོས་ན་ཡང་ཡོང་འབབ་ཡོད་པ་དང་། དེའི་ཐོག་མཉམ་ལས་ཁང་གི་འཕྲུལ་ཆས་སྒྲིག་ཆས་ཀྱིས་ཁུལ་བརྒལ་ནས་ལས་ཀ་ལས་པར་ད་དུང་ཡོང་འབབ་ཡོད་པས། 2017ལོར་སྡེ་དམངས་ཡོངས་ལ་བགོས་པའི་ཁེ་སྤོགས་སྒོར་ཁྲི36ལ་སླེབས། འདི་ནི་སྔོན་ཆད་ཀྱི་ཞིང་བཏབས་པ་རྐྱང་རྐྱང་གི་ཡོང་འབབ་དང་བསྡུར་ན་ལྡབ་འགས་འཕར་ཞིང་། འདིས་ཁོ་ཚོར་ཅིའི་ཕྱིར་དགའ་བ་སྐྱེས་མི་སྲིད།

དེ་དང་མཉམ་དུ། གོང་མ་སྡེ་བས་ཤུགས་ཆེན་པོས་ཁྱིམ་གཞིས་མཛེས་བཟོ་བྱེད་སྒོ་དང་། ཞིང་སྡེ་དང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་ཆེད་དམིགས་བཅོས་སྐྱོང་སོགས་ཀྱི་བྱ་འགུལ་སྤེལ་ཏེ། སྡེ་བ་ཡོངས་ཀྱི་ཁོར་ཡུག་གི་རྣམ་པར་ངོ་བོའི་འགྱུར་ལྡོག་བྱུང་ཡོད་ལ། གོང་མ་སྡེ་བ་རིམ་གྱིས་“གྲོང་ཚོ་མཛེས་ཤིང་ལྟ་ན་སྡུག་པ། ཁོར་ཡུག་གཙང་ཤིང་གྲལ་དག་པ། མི་རིགས་སོ་སོ་མཐུན་སྒྲིལ་ཡར་ཐོན”ཡིན་པའི་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་གི་རྣམ་པ་གསར་པ་ཕྱིར་མངོན་ཡོད།

ཐེ་ཚོམ་མེད་པ་ཞིག་ནི་གོང་མ་སྡེ་བའི“ཏང་འཛུགས+གཞི་རིམ་བཅོས་སྐྱོང”གི་བྱ་བའི་བྱེད་ཐབས་ཀྱིས། ཏང་འཛུགས་དང་གཞི་རིམ་བཅོས་སྐྱོང་གཉིས་གཏིང་ཟབ་ཏུ་མཉམ་འདྲེས་བྱུང་བར་སྐུལ་འདེད་ཆེན་པོ་བཏང་། གྲོང་གསེབ་དཔལ་ཡོན་དང་དམངས་གཙོ་དོ་དམ། ཁྱིམ་མཚེས་འཆམ་མཐུན་གྱི་འབྲོག་ཁུལ་གསར་པའི་འཛུགས་སྐྲུན་གྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ཞིང་།

འགྱུར་ལྡོག་བྱུང་བ་ནི་བྱ་དངོས་རྐྱང་བ་ཙམ་མ་ཡིན་པར། ལྷག་ཏུ་སྡེ་དམངས་བར་གྱི་གོང་བུར་འགྲིལ་ཤུགས་དང་མཉམ་འདྲེས་ནུས་ཤུགས་ཀྱང་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།