སློབ་གསོའི་ལམ་ཁར་བྱིས་པ་གཅིག་ཀྱང་ཆད་མི་རུང་།

ཉེ་བའི་ལོ་འགའི་རིང་ལ་རང་ཞིང་གི་འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་གཏོང་བའི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། རྒྱུ་ཆའི་པར་རིས།
ཉེ་བའི་ལོ་འགའི་རིང་ལ་རང་ཞིང་གི་འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་གཏོང་བའི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། རྒྱུ་ཆའི་པར་རིས།

མཚོ་སྔོན་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ལི་ཤིན། དེ་སྔའི་དུས་སུ། སློབ་བྱོལ་གླེང་མ་ཐག་ཏུ་ཀུན་གྱི་ཡིད་ངོར་འཆར་བ་ནི་གློག་བརྙན་《གཅིག་ཀྱང་ཆད་མི་རུང་》ཅེས་པའི་ཁྲོད་ཀྱི་སློབ་མ་དབུལ་བོའི་རྐྱེན་གྱིས་སློབ་བྱོལ་བྱས་པ་དང་ཚབ་ཁྲིད་དགེ་རྒན་ཝེ་ལགས་ཀྱིས་གཅིག་ཀྱང་ཆད་མི་རུང་བའི་དམ་བཅའ་དེའི་སླད་དུ་སློབ་བྱོལ་བྱས་པའི་སློབ་མ་བཙལ་བའི་དཀའ་སྡུག་གི་ལོ་ཟླ་བསྐྱལ་བ་དེ་རེད།

ད་ལྟའི་ཆར། གློག་བརྙན་ཁྲོད་ཀྱི་དགེ་རྒན་ཝེ་ལགས་ཀྱི་སེམས་ཁྲལ་དེ་ནི་འདས་སོང་གི་བྱ་བ་ཞིག་ཏུ་གྱུར་ཚར་ཡོད།

བྱིས་པ་རེ་རེར་འོས་འགན་སློབ་གསོ་མྱོང་དུ་འཇུག་པ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོར་འབྲེལ་ཡོད་ལ་རྒྱལ་ཁབ་དང་མི་རིགས་ཀྱི་མ་འོངས་པར་ཡང་འབྲེལ་ཡོད་པ་རེད། 2017 ལོའི་ཟླ 9 པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིང་གིས་《སློབ་བྱོལ་ཚོད་འཛིན་དང་སློབ་ཞུགས་འགན་ལེན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་འོས་འགན་སློབ་གསོ་སྲ་བརྟན་གཏོང་ཚད་མཐོ་རུ་གཏོང་དགོས་པའི་བརྡ་ཐོ་》དཔར་འགྲེམ་བྱས་ནས་སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ཏེ་སློབ་གྲྭར་ཞུགས་ཚད་འགན་ལེན་ལ་དེ་ནས་བཟུང་ཏེ་འགུལ་སྐྱོད་ཀྱི་རྩ་འཛིན་ཡོད་པར་བྱས་པ་དང་། དེའི་རྗེས་སུ་ཞིང་ཆེན་སྲིད་གཞུང་གི་གཞུང་ལས་ཐིང་གིས་རང་ཞིང་གི་《སློབ་བྱོལ་ཚོད་འཛིན་དང་སློབ་ཞུགས་འགན་ལེན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་འོས་འགན་སློབ་གསོ་སྲ་བརྟན་གཏོང་ཚད་མཐོ་རུ་གཏོང་དགོས་པའི་བརྡ་ཐོ་》དཔར་འགྲེམ་བྱས་ནས་ལས་ཀའི་དམིགས་ཡུལ་གསལ་པོ་དང་ལས་འགན་ཁག་རེ་རེ་བཞིན་བགོས་པ་རེད།

ལོ་ངོ་གཅིག་ལྷག་གི་རིང་ལ། རང་ཞིང་གིས་བྱིས་པ་གཅིག་ཀྱང་ཆད་མི་རུང་བ་དང་ཉིན་གཅིག་ལའང་འགོར་འགྱངས་བྱེད་མི་རུང་བར་འགན་ལེན་བྱེད་པ་དམིགས་ཡུལ་དུ་བཟུང་ནས། འོས་འགན་སློབ་གསོའི་སློབ་བྱོལ་ཚོད་འཛིན་དང་སློབ་ཞུགས་འགན་ལེན། དེ་བཞིན་ཁྲིམས་ལྟར་སློབ་ལོ་རན་པའི་བྱིས་པའི་སློབ་གསོའི་ཁེ་དབང་སྲུང་སྐྱོབ་ཐད་ནས་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་ཀ་བྱས་པ་དང་། 2018 ལོའི་ཟླ 9 པའི་ཟླ་སྨད་དབར་དུ་ཞིང་ཆེན་ཡོངས་སུ་ཁྱོན་བསྡོམས་སློབ་བྱོལ་དང་སློབ་མཚམས་བཞག་པའི་སློབ་མ་ 27271 ལ་ཁ་ཏ་བྱས་ནས་ཕྱིར་སློབ་གྲྭར་ཞུགས་པ་དང་། ཕྱིར་ལོག་སློབ་མའི 91.86% ཟིན་ཡོད་པ་དེས་འོས་འགན་སློབ་གསོ་སྲ་བརྟན་གཏོང་ཚད་དེ་ 87.78% ནས 96.71% ལ་ཇེ་མཐོར་བཏང་ཡོད་པ་རེད།

རྩོམ་སྒྲིག་པ། གླིང་སྨྱོན།

དཔྱད་མཆན 0 ཡོད།