​བཟོ་བའི་ལས་སུ་ཞུགས་པའི་ཨ་ཁུ་འབྲོག་པ།

binary_middle (13).jpg

དཔལ་མཁར་སྡེ་བའི་སྣུམ་བཙགས་ཁང་དུ་སློབ་ཆེན་མཐར་ཕྱིན་ཏེ་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱེད་བཞིན་པའི་ལག་རྩལ་པ་བསམ་འཕེལ་རྒྱལ་གྱིས་སྒྲ་མེད་སྣུམ་བཙགས་འཕྲུལ་ཆས་བཀོལ་བཞིན་པའི་སྒང་རེད།

binary_middle (14).jpg

ཧོར་སྡེ་བའི་རྡོ་བརྐོས་ལས་རིགས་དེ་སྡེ་དམངས་དབུལ་མཐར་ཕྱུག་འགྱུར་གྱི་ལས་རིགས་གཙོ་བོ་ཞིག་ཏུ་གྱུར་ཡོད་དེ། འདྲ་པར་འདི་ནི་ཚེ་རྣམ་གྱིས་རང་ཉིད་ཀྱི་རྡོ་བརྐོས་བརྩམས་ཆོས་བརྐོ་བཞིན་པའི་ཚུལ་རེད།

binary_middle (15).jpg

རྩེ་ཁོག་རྫོང་གི་ཡུལ་གཞན་གནས་སྤོར་བདེ་བཀོད་ཁུལ་དུ་གསར་དུ་གནས་སྤར་བའི་ཚེ་རིང་སྐྱིད་ཀྱིས་དབུལ་ཕོངས་རོགས་སྐྱོར་མ་དངུལ་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་ཁ་གསབ་མ་དངུལ་བེད་སྤྱད་ནས་སྒོ་རྩིས་ཚོང་ཁང་ཞིག་གཉེར་བཞིན་འདུག འདྲ་པར་འདི་ནི་ཚེ་རིང་སྐྱིད་ཀྱིས་ཚོང་སྒྲོམ་ལེགས་སྒྲིག་བྱེད་བཞིན་པའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས28ཉིན། དཔྱིད་དཔལ་བསུ་བའི་གངས་རླུང་ཐོག་མས་ང་ཚོའི་མདུན་བསུས་ཏེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་སྡེ་བའི་སྤྱི་བའི་མཉམ་ལས་དཔལ་འབྱོར་ལ་རྒྱུས་ལོན་བྱེད་དུ་སོང་བ་ཡིན། ས་གནས་རང་བཞིན་གྱི་ཐོན་ཁུངས་ལེགས་པ་དང་། རིན་ཐང་ལྷག་མའི་ངལ་རྩོལ་ནུས་ཤུགས་ཀྱི་ལས་རིགས་བསྡུ་ལེན་བྱས་ཏེ། དབུལ་ཕོངས་འབྲོག་པ་རྣམས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཆེད།  ད་ལྟའི་རྩེ་ཁོག་རྫོང་གི་སྡེ་གཞུང་གིས་གཉེར་བའི་ཁེ་ལས་སྔོན་ཆད་སླེབས་མ་མྱོང་བའི་ཧ་ཅང་མགྱོགས་པའི་མྱུར་ཚད་དུ་སླེབས་ཡོད།  དཔལ་མཁར་སྡེ་བའི་སྣུམ་བཙགས་ཁང་གི་ལག་རྩལ་པ་བསམ་འཕེལ་རྒྱལ་ནི་སློབ་ཆེན་མཐར་ཕྱིན་རྗེས་ཕྱིར་ཕ་ཡུལ་དུ་ལོག་ནས་ཁེ་ལས་གཉེར་མཁན་ཐོག་མ་ཡིན་ལ། ཁོས་ཧྲན་ཏུང་ཞིང་ཆེན་དུ་ལོ་གཉིས་ལ་གླ་རྒྱབ་ཏེ་ཉམས་མྱོང་མང་དུ་བླངས་ཤིང་། རིག་གནས་ཤེས་བྱ་ཡི་འཇོན་ནུས་བེད་སྤྱད་དེ་ཕ་ཡུལ་དུ་བཟོ་གྲྭ་བཙུགས།  ན་ནིང་རྩེ་ཁོག་རྫོང་དུ་སྡེ་བ34ཡིས་སྡེ་བ་རིམ་པའི་ཁེ་ལས་གཉེར་དང་། མ་རྐང་མཉམ་ལས་གཙོ་གཉེར་བྱེད་བཞིན་པའི་སྡེ་བ22། ཡོང་འབབ་འཕར་སྣོན་ཐོན་ལས་གཙོ་གཉེར་བྱེད་པའི་སྡེ་བ4། ཐུན་མོང་ཐོན་ཁུངས་གཙོར་འཛིན་པའི་སྡེ་བ3། ཐུན་མོང་གི་མ་རྩ་གཙང་བཤེར་བྱེད་པ་གཙོར་འཛིན་པའི་ཙོ་གཉེར་སྡེ་བ4། དཔལ་འབྱོར་གཉེར་གཞི་དར་སྤེལ་གཏོང་བ་གཙོར་འཛིན་པའི་སྡེ་བ1བཅས་ཡོད། སྡེ་བ་གཅིག་ལ་ཇུས་གཞི་སྣ་མང་ཡོད་པའི་བྱེད་ཐབས་ཀྱིས་རྫོང་གི་སྡེ་བ་སོ་སོའི་སྤྱི་གཉེར་དཔལ་འབྱོར་འགན་ལེན་ལ་གྲུབ་འབྲས་མངོན་གསལ་ལྡན་པར་འགན་སྲུང་བྱས། དེང་སྐབས་རྩེ་ཆུའི་སྡེ་དམངས་མང་པོ་ཞིག་མ་རྐང་འཇོག་མཁན་དང་ཁེ་ལས་ཀྱི་ལས་བཟོ་བར་གྱུར་ཡོད་ལ། ཁོ་ཚོས་ཁེ་ལས་གསར་སྤེལ་དང་། མཉམ་ལས་ཁང་བདག་གཉེར་བྱེད་བཞིན་ཡོད་པས། ད་ལྟ་ལས་བཟོ་བའི་ལྭ་བ་གྱོན་པའི་འབྲོག་པའི་བཟོ་ལས་པ་དག་གིས་འཁོར་ཁང་དུ་ལས་ལ་བྲེལ་བཞིན་ཡོད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།