མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་རྫོང13དབུལ་ཐར་བྱུང་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་དྲིལ་སྒྲོག་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་ནས་རྒྱུས་ལོན་པ་ལྟར་ན། ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་རྫོང13(གྲོང་ཁྱེར། ཆུས། སྲིད་འཛིན་སྡེ་བ)གྱིས་དབུལ་ཕོངས་ཞྭ་མོ་ཕུད་ཐུབ་པ་བྱུང་།

ལོ་ངོ་གཉིས་ཀྱི་རིང་ལ། རང་ཞིང་གིས་ཐོག་མཐའ་བར་གསུམ་དུ་གནད་འཁེལ་དབུལ་སྐྱོར་དང་། གནད་འཁེལ་དབུལ་སྐྱོར་གྱི་གཞི་རྩའི་ཇུས་གཞི་རྒྱུན་འཁྱོངས་བྱས་ཏེ། སུ་ལ་རོགས་སྐྱོར་བྱེད་པ་དང་། སུས་རོགས་སྐྱོར་བྱེད་པ། གང་ལྟར་རོགས་སྐྱོར་བྱེད་པ་བཅས་ཀྱི་རྩ་བའི་རང་བཞིན་གྱི་གནད་དོན་དམ་འཛིན་བྱས་ནས། ལྟོ་རྒྱབ་ལ་འདང་རྒྱག་མེད་པ་དང་། འགན་སྲུང་གསུམ། དེ་བཞིན་དབུལ་ཕོངས་མི་འབོར་དབུལ་ཐར་དང་། དབུལ་ཕོངས་རྫོང་གི་དབུལ་པོའི་ཞྭ་མོ་འཕུད་པ། ས་ཁོངས་རང་བཞིན་གྱི་དབུལ་ཕོངས་སྤྱི་ཡོངས་ཐག་གཅོད་བྱེད་པ་བཅས་ལ་དམིགས་ཏེ། རྐང་སྟེགས་མཐོ་བ། དམིགས་ཚད་མཚོ་བ། སྤུས་ཀ་མཐོ་བ་བཅས་ཀྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་དངོས་འབེབས་བྱེད་པར་སྐུལ་འདེད་སྒོས། དབུལ་ཐར་འགག་སྒྲོལ་བྱ་བར་ཐག་ཆོད་རང་བཞིན་གྱི་འཕེལ་རྒྱས་གྲུབ་འབྲས་ཐོབ་པ་རེད། ཤེས་གསལ་ལྟར་ན། དབུལ་ཕོངས་ས་ཁུལ་གྱི་རོང་འབྲོག་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་དེ2016ལོའི་སྒོར8664ནས2017ལོའི་སྒོར9462ལ་འཕར་བ་དང་། ལོ་སྔོན་མའི་དུས་མཉམ་ལས་སྒོར978ཀྱིས་ཇེ་མང་དུ་ཕྱིན་ཏེ། དབུལ་ཕོངས་མང་ཚོགས་ལ་སྔར་མེད་ཀྱི་ཕན་ཁེ་བསྐྲུན་པ་རེད།

དེ་ལས་གཞན། མཛེས་པའི་ཞིང་གྲོང་བསྐྲུན་པ་དེ་ཞིང་སྡེ་གསར་པའི་འཛུགས་སྐྲུན་གྱི་གཙོ་གནད་དུ་བཟུང་སྟེ། མང་ཚོགས་ཀྱི་འཚོ་སྡོད་ཁོར་ཡུག་གི་ཆ་རྐྱེན་དང་ཧ་ཅང་འཚམ་པའི་མཛེས་པའི་ཞིང་གྲོང་བསྐྲུན་པ་བརྒྱུད་དེ། ནུས་ཤུགས་ཡོད་རྒུས་སྡེ་བའི་རྣམ་པ་བསྒྱུར་བ་དང་། དམངས་ཕྱུག་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་སུ་བཏང་བ་རེད།

ས་ཁོངས་ཐོན་ཁུངས་ཀྱི་མཐུན་རྐྱེན་ལ་རྐང་བཙུགས་ཏེ། དབུལ་སྐྱོར་ལས་རིགས་གསར་པ་འཕེལ་རྒྱས་སུ་བཏང་ཞིང་། ཞིང་ཆེན་ཡོངས་ཀྱི་རྫོང29རྒྱལ་ཁབ་ཀྱི་གློག་རྡུལ་ཚོང་དོན་ཞིང་སྡེ་རུ་དར་བའི་དཔེ་སྟོན་རྫོང་དུ་བདམས་ཐོན་བྱུང་བ་དང་། སྡེ་བ208ཀྱིས་ཞིང་སྡེའི་ཡུལ་སྐོར་དབུལ་སྐྱོར་ལས་གཞི་ལག་བསྟར་བྱས་ཏེ། དབུལ་སྐྱོར་ལས་གཞི་འདྲ་མིན་དོན་འཁྱོལ་བྱས་ནས། ས་གནས་དབུལ་ཕོངས་མང་ཚོགས་ཡོང་འབབ་འཕར་སྣོན་བྱས། 2016ལོའི་ཚུན་དུ། ཞིང་ཆེན་ཡོངས་ཀྱིས་ཁྱོན་བསྡོམས་པས་དབུལ་ཕོངས་རོང་འབྲོག་མང་ཚོགས་ཁྲི9.79དང་། ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་པ་མི་ཐེངས4021ལ་གསོ་སྦྱོང་བྱས་ཏེ། གསོ་སྦྱོང་ཁྱབ་ཚད98%ལ་སླེབས་ནས། གསོ་སྦྱོང་ཐོབ་པའི་མི་སྣ70%ཡིས་ལས་ཞུགས་ཐབད་ལམ་རྙེད་པ་དང་། ལས་ཞུགས་བྱེད་ཚད60%ཡན་ལ་སླེབས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།