མཚོ་སྔོན་ཞིང་ཆེན་གྱི་ཁང་རྙིང་གནད་དོན་ཆེད་དམིགས་བཅོས་སྐྱོང་འགུལ་སྐྱོད་མཐུན་སྦྱོར་འགོ་ཁྲིད་ཚན་ཆུང་གིས་རྒྱ་བསྐྱེད་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར།  མཚོ་སྔོན་ཞིང་ཆེན་གྱི་ཁང་རྙིང་གནད་དོན་ཆེད་དམིགས་བཅོས་སྐྱོང་འགུལ་སྐྱོད་མཐུན་སྦྱོར་འགོ་ཁྲིད་ཚན་ཆུང་གིས་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཏེ།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིན་གཉིས་ཀྱི་མཆན་བཀོད་བླང་བྱ་དང་།  རྒྱལ་ཁབ་རང་བྱུང་ཐོན་ཁུངས་ལྟ་ཞིབ་ཞི་ཨན་ཅུའུ་ཡིས་བཏོན་པའི་གནད་དོན་དང་མཚོ་སྔོན་ཞིང་ཆེན་གྱིས་ཞིབ་བཤེར་ཁྲོད་རྙེད་པའི་གནད་དོན་ཁྱབ་བསྒྲགས་བྱས་པ་དང་།   དག་ཐེར་བཅོས་སྐྱོང་བྱ་བ་གཏིང་ཟབ་ཏུ་སྤེལ་བའི་ཐད་ཞིབ་ཕྲའི་བླང་བྱ་བཏོན།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།   ཞིང་ཆེན་ཡོངས་ཀྱི་ཁང་རྙིང་སྒྱུར་བཀོད་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་ནའང་།  ལྟ་སྐུལ་ཞིབ་བཤེར་དང་ལྟ་ཞིབ་ཚན་ཆུང་གིས་བཏོན་པའི་གནད་དོན་ཐད་ནས་བལྟས་ན།  ད་རུང་ཚད་རིམ་མི་འདྲ་བའི་སྟེང་བྱ་བ་གཟབ་ནན་མིན་པ་སོགས་ཀྱི་གནད་དོན་གནས་ཡོད་པས།  རིམ་པ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གཟབ་ནན་གྱིས་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་།   ཧྲན་ཞི་ཆི་ལེན་པའེ་ལུའུ་ཞི་ཨན་ལྗོངས་ཁུལ་དུ་ཁྲིམས་འགལ་གྱིས་སྡོད་ཁང་འཛུགས་སྐྲུན་བྱས་པའི་བསླབ་བྱ་བསྡུ་ལེན་བྱས་ཏེ་ཁྱོན་ཡོངས་ནས་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་གཉིས་ཀྱི་མཆན་བཀོད་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་།   ཆབ་སྲིད་ལངས་གནས་མཐོར་འདེགས་གཏོང་བ། ཀྲུང་དབྱང་གི་བླང་བྱ་དང་མཐུན་པར་བྱེད་པ།   གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲོད་ཕྱོགས་རྒྱུན་འཁྱོངས་བྱེད་པ།   བྱ་བའི་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁང་རྙིང་སྒྱུར་བཀོད་ལས་འགན་ལྷག་ལུས་མེད་པར་ཡོངས་འགྲུབ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།