མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱིས་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་རྒྱ་སྐྱེད་གྲོས་ཚོགས་ཐེངས་བཅུ་བ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱིས་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་རྒྱ་སྐྱེད་གྲོས་ཚོགས་ཐེངས་བཅུ་བ་བསྡུས་ཤིང་། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་བསམ་བློའི་རླབས་ཆེན་དར་ཆ་མཐོ་རུ་བསྒྲེང་ནས། ཏང་འཛུགས་ལས་དོན་དམ་པོར་འཛིན་པ་དང་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བར་གྲ་སྒྲིག་བྱེད་པ། དངོས་འབེབས་ནན་མོ་བྱེད་པ་བཅས་ལ་འབད་དེ། ཁྱོན་ཡོངས་ནས་ཞིང་ཆེན་དམག་ཁུལ་གྱི་ལས་དོན་སྐས་རིམ་གསར་བ་ཞིག་ཏུ་བསྐྱལ་ནས། ཧུར་བརྩོན་ཆེན་པོས་ཞིང་ཆེན་དམག་ཁུལ་གྱི་རྒྱལ་སྲུང་སྐུལ་སློང་དང་རྗེས་སྣོན་སྟོབས་ཤུགས་འཛུགས་སྐྲུན་ལ་རྣམ་པ་གསར་བ་ཞིག་བཏོད་ཐུབ་དགོས་ཟེར།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་ཝང་ཅན་ཅུན་ཚོགས་འདུར་ཞུགས་ནས་གཏམ་བཤད། ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི། ཆབ་སྲིད་ཨུ་ཡོན་ཝང་ཞིའུ་ཧྥིན་གྱིས་ཞིང་ཆེན་དམག་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་ཆེན་མོ་ཆོའུ་ཞུན་ཡུང་གིས་གཏམ་བཤད། ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་གཞོན་པ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་གཅིག་ལྕོགས་སུ་བཞེས་མཁན་ཀའོ་ཅན་ཅུན་གྱིས་ཞིང་ཆེན་དམག་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ། ཚོགས་ཐོག་ནས་ཞིང་ཆེན་དམག་ཁུལ་གྱི་ཉིས་སྟོང་བཅོ་བརྒྱད་ལོའི་སྔོན་ཐོན་ལས་ཁུངས་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས།

ཝང་ཅན་ཅུན་གྱིས་བསྟན་དོན། ཉིས་སྟོང་བཅོ་བརྒྱར་ལོར། ཞིང་ཆེན་དམག་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱས་ཏེ། དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་དམིགས་འབེན་དང་རྒྱལ་སྲུང་སྐུལ་སློང་འགན་ནུས་དཀྱིལ་སྙིང་དུ་བཟུང་ནས། རྣམ་ཤེས་བསྐྲུན་པའི་དར་ཆ་མཐོ་རུ་བསྒྲེངས་པ་དང་དམིགས་ཚད་འོས་འགན་ཕྲག་སྟེང་དུ་བླངས་ཏེ། དམག་དམངས་མཉམ་འདྲེས་ཀྱི་ལས་དོན་གཏིང་ཟབ་དུ་སྤེལ་བར་མ་ཟད། སྒོ་ཀུན་ནས་ས་གནས་འཛུགས་སྐྲུན་དང་གཞི་གཅིག་ཏུ་སྦྲེལ་ནས། རྒྱལ་སྲུང་སྐུལ་སློང་དང་རྗེས་སྣོན་སྟོབས་ཤུགས་འཛུགས་སྐྲུན་ལ་གྲུབ་འབྲས་གསར་བ་བླངས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་པར་མ་ཟད། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་ཕུ་ཐག་ཆོད་ལེན་པའི་གནད་འགག་གི་ལོ་ཞིག་ཀྱང་ཡིན་པ་ལས་གཞན། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་ཉིས་སྟོང་ཉི་ཤུ་ལོའི་དམིགས་འབེན་འགན་འཁྲི་མངོན་དུ་འགྱུར་བར་བྱེད་པའི་གནད་འགག་གི་ལོ་ཞིག་ཀྱང་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅིའི་བསམ་བློའི་རྗེས་སུ་འབྲངས་ཅི་ཐུབ་བྱས་ཏེ། སྲུང་སྐྱོབ་བྱེད་དགོས་པ་གསུམ་ལག་བསྟར་བཟང་བོ་བྱེད་རྒྱུ་ཆབ་སྲིད་དང་དམག་དཔུང་སྟོབས་ལྡན་བསྐྲུན་པའི་འོས་འགན་གཙོ་བོར་བརྩིས་ནས། ཏང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་མཐར། དམག་མིའི་བརྩོན་སེམས་དང་འཐབ་སེམས་ལ་སྦྱོང་བརྡར་གང་ལེགས་བྱེད་དགོས་ཟེར།

ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ངག་དབང་བསོད་ནམས་དང་ཁྲིན་ཧྲུའེ་ཆོན། ལིས་ཞའོ་མེན། ཐེན་ཧྲིན་ཉིང་། ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་ཨུ་ཡོན་བཅས་ཐེངས་འདིའི་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།