ན་ནིང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་གཙང་སྤྱོད་ཁང་ཁྲི་དྲུག་སྟོང་གསུམ་དྲུག་བརྒྱ་སོ་ལྔ་ལྷག་གསར་འཛུགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2018ལོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་སྤྱོད་ཁང་གི་ཚད་གཞི་དམའ་བ་དང་གྲངས་ཀ་ཉུང་བ། གཙང་སྦྲ་ཞན་པ། དོ་དམ་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་ལ་ཤུགས་སྣོན་བྱས་ཤིང་རྫོང་མཁར་གྱི་གཞི་རྩའི་སྤྱིའི་ཞབས་ཞུའི་མ་ལག་འཐུས་ཚང་ཇེ་མགྱོགས་ལ་བཏང་སྟེ་ཧུར་ཐག་གིས་མང་ཚོགས་ཀྱི་འཚོ་བའི་ཁྲོད་དུ་མི་འདང་སར་ཁ་སྣོན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཡོངས་སུ་སྤྱོད་ཁང་ཁྲི་དྲུག་སྟོང་ལྔ་བརྒྱ་དང་གསུམ་འཛུགས་རྒྱུ་བྱས་ཤིང་མིག་སྔར་ཁྲི་དྲུག་སྟོངགསུམ་དྲུག་བརྒྱ་སོ་ལྔ་གསར་འཛུགས་ལེགས་འགྲུབ་བྱས། སྤྱོད་ཁང་གསར་བརྗེ་ཡི་ལོ་རེའི་བརྒྱ་ཆའི་བརྒྱ་ལྷག་གི་འོས་འགན་ལེགས་འགྲུབ་བྱས།

དེའི་ནང་དུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྤྱོད་ཁང་གསར་བརྗེ་འཛུགས་སྐྲུན་ཁྲོད་དུ་བྱ་དགའ་དང་ཁ་གསབ་ཀྱི་མ་དངུལ་ལ་སྡེབ་ཁ་ཤོར་བ་དང་བྱ་བར་ཤུགས་སྣོན་མ་བྱས་པ་སོགས་གནད་དོན་ཚབ་ཆེན་ཡིན་པའིགནས་ཚུལ་ལ་ས་ཁུལ་གྱིས་ཁྱབ་བསྒྲགས་སྐྱོན་བརྗོད་བྱས།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་གནས་ཚུལ་དངོས་དང་བསྟུན་ནས་བརྒྱ་ཆའི་གོ་ལྔ་ལྷག་གི་འཛུགས་སྐྲུན་ལས་གཞི་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དུ་ལག་བསྟར་བྱས། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་སྐྱེ་རྒུ་གྲོང་བརྡལ་གྱིས་སྤྱོད་ཁང་གཙང་སེལ་གྱི་མཇུག་འབྲས་ཇེ་ལེགས་ལ་གཏོང་ཆེད་སྤྱོད་ཁང་གཙང་སེལ་གསར་འཛུགས་བྱས་ཏེ་སྤྱོད་ཁང་ཉེ་འདབས་ཀྱི་ཁོར་ཡུག་ལ་བཙོག་བཟོ་བྱེད་པ་གཏན་འགོག་བྱས།  མཚོ་སྔོན་པོ་ལྗོངས་རྒྱུ་ས་ཁུལ་དོ་དམ་ཅུའུ་ཡིས་ཕྱོགས་ཡོང་ནས་སྤྱོད་ཁང་འགོ་གཙོའི་ལམ་ལུགས་ལག་བསྟར་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།