2018ལོའི་བོད་བརྒྱུད་ནང་བསྟན་སློབ་གླིང་བར་གྱི་བརྗེ་རེས་བཞུགས་མོལ་ཚོགས་འདུ་མཚོ་སྔོན་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས5ཉིན། 2018ལོའི་བོད་བརྒྱུད་ནང་བསྟན་སློབ་གླིང་བར་གྱི་བརྗེ་རེས་བཞུགས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ནས་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གླིང་གཙོ་རིན་ཆེན་རྣམ་རྒྱལ་གྱིས་ཚོགས་འདུར་འགོ་འཛིན་བྱས། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། བོད་ལྗོངས་ནང་བསྟན་སློབ་གླིང་གི་གླིང་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་ཚོགས་འདུའི་སྟེང་ཤིས་ཚིག་ཕུལ།

ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིན་སློབ་ཆེན་གྱི་དགེ་སློབ་ཡོངས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཟབ་ནན་གྱིས་སློབ་སྦྱོང་བྱས་པ་དང་། བོད་བརྒྱུད་ནང་བསྟན་སློབ་གླིང་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤུས་ཚད་མཐོ་བའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་པ་བརྒྱུད། བོད་བརྒྱུད་ནང་བསྟན་སློབ་གླིང་གི་མཉམ་སྤྱོད་ཡོངས་འཛིན་མཛོད་འཛུགས་སྐྲུན་བྱེད་པའི་ངེས་ཟིན་སྔར་ལས་མཐོར་འདེགས་སུ་བཏང་།

ཚང་མས་ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན་གྱིས་སྐབས་བཞི་བའི་བོད་བརྒྱུད་ནང་བསྟན་ཤེས་ཡོན་ཅན་གྱི་ཐོབ་ཐང་བྱ་བའི་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་སྐབས་བཅུ་བཞི་བའི་མཐོ་རམས་པའི་གོ་གནས་ཐོབ་མཁན་ལ་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་བླང་བྱར་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱས་ཏེ་ཡོངས་འཛིན་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་ཐད་བརྗེ་རེས་གཏམ་བཤད་སྤེལ། ཚང་མས་གཅིག་གྱུས་སྒོས་བལྟས་ན། རྒྱལ་གཅེས་ལས་བརྩོན་དང་ཀུན་སྤྱོད་བཟང་པོས་མི་སྐྱོང་བ། རིག་གནས་བྱང་ཚད་མཐོ་བའི་དགེ་རྒན་དཔུང་སྡེ་ཞིག་འཛུགས་སྐྲུན་བཟང་བོ་བྱེད་རྒྱུ་ནི་བོད་བརྒྱུད་ནང་བསྟན་བདེ་ཐང་ངང་རྒྱུད་འཛིན་བྱེད་པའི་རྨང་གཞིའི་འགན་སྲུང་ཡིན་པ་དང་། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་པོ་ཡོང་བར་སྣེ་ཁྲིད་བྱེད་པའི་བྱ་བའི་རྨང་གཞི་ཡིན་པར་སྙམ། ཚོགས་ཞུགས་འཐུས་མིས་བོད་བརྒྱུད་ནང་བསྟན་སློབ་གླིང་གི་མཉམ་སྤྱོད་ཡོངས་འཛིན་མཛོད་འཛུགས་སྐྲུན་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་ཐད་ཀྱི་གྲོས་ཞིབ་མ་ཡིག་ལ་གྲོས་ཞིབ་བྱས་པ་དང་། བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཡོངས་འཛིན་མཛོད་འཛུགས་སྐྲུན་ཐད་བློ་འདོན་ཇུས་འབུལ་བྱས།

རིན་ཆེན་རྣམ་རྒྱལ་གྱིས་ཚོགས་འདུ་ལ་སྤྱི་བསྡོམས་བྱེད་སྐབས་ཚོགས་འདུའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། བོད་བརྒྱུད་ནང་བསྟན་སློབ་གླིང་གི་མཉམ་སྤྱོད་ཡོངས་འཛིན་མཛོད་འཛུགས་སྐྲུན་ཐད་རེ་བ་དང་བླང་བྱ་བཏོན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།