མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་གཞི་གྲ་སྒྲིག་བྱ་བའི་མཐུན་སྦྱོར་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་གཞི་གྲ་སྒྲིག་བྱ་བའི་མཐུན་སྦྱོར་ཚོགས་འདུ་བསྡུས་ཤིང་། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་མི་དམངས་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་བཅས་ཁྱོན་བསྡོམས་མི་ལྔ་བཅུ་ལྷག་ཐེངས་འདིའི་མཐུན་སྦྱོར་གྲོས་ཚོགས་སྟེང་ཞུགས།

གྲོས་ཚོགས་ལས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རིང་ལ། མཚོ་སྔོན་འཐུས་ཚབ་ཚོགས་པས་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་སྐབས་སུ་གྲོས་གཞི་ལྔ་བརྒྱ་སོ་གཉིས་བཏོན་པ་དང་། བཏོན་པའི་གྲོས་གཞིའི་ནང་དོན་ཚང་མ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། མི་རིགས་ས་ཁུལ་འཕེལ་རྒྱས་སོགས་ཕྱོགས་མང་པོར་འབྲེལ་ཡོད་ཅིང་། ཅུང་བཟང་བོའི་སྒོ་ནས་མཚོ་སྔོན་གྱི་གནས་བབ་དམིགས་བསལ་བ་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཡོངས་ཀྱི་ཐུན་མོང་རེ་བ་ཚུར་སྣང་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས་མཐར། གྲུབ་འབྲས་མངོན་གསལ་བླངས་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།