རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ཀོའུ་ཀྲོང་ཝུན་གྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སུ་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པར་འཚམས་འདྲི་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ཀོའུ་ཀྲོང་ཝུན་གྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སུ་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པར་འཚམས་འདྲི་བྱས་ཏེ། རིམ་པ་སོ་སོའི་མགོ་ཁྲིད་ཀྱི་ཐུགས་ཁུར་ཟབ་བཞེས་ཐོབ་པར་བརྟེན། མཚོ་སྔོན་གྱི་ལུས་རྩལ་པ་རྣམས་ལ་ཡིད་ཆེས་ཆེན་པོ་བསྩལ།

རྒྱུས་ལོན་བྱུང་བ་ལྟར་ན། ཅུའུ་ཀྲང་ཀོའུ་ཀྲོང་ཝུན་མཚོ་སྔོན་གྱི་ལུས་རྩལ་པའི་སྡོད་གནས་དུ་ཐོན་རྗེས། ལུས་རྩལ་པ་རྣམས་དང་ལྷན་དུ་སྙིང་ཉེ་བའི་ངང་ནས་བསམ་ཚུལ་བརྗེ་རེས་བྱས་ཏེ། མཚོ་སྔོན་གྱི་ལུས་རྩལ་འགྲན་རྩོད་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གཙོས་མཚོ་སྔོན་གྱི་འགྲན་སྡུར་ལས་རིམ་ཆེན་མོ་སྐོར་ཞིག་མིང་བཟུང་དོན་བཟུང་བྱས་ཏེ། མཚོ་སྔོན་གྱི་ལུས་རྩལ་པ་རྣམས་ཀྱིས་ཐེངས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྟེང་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལེན་ཐུབ་པའི་རེ་འདུན་བཏོན།

རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མགོ་རྩོམ་མཛད་སྒོ་མ་བསྡུས་པའི་སྔོན་ལ། མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་གཙོ། ཧྲིན་ཀྲང་གཞོན་པ་ཧན་ཅན་ཧྭ་ཐེན་ཅིན་དུ་ཡོང་ནས་བྱ་བར་ཞིབ་བཤེར་མཛུབ་སྟོན་བྱས་ཏེ། མཚོ་སྔོན་འཐུས་ཚབ་ཚོགས་པའི་ལུས་རྩལ་རུ་ཁག་སོ་སོས་འགྲན་སྡུར་ལ་སྟ་གོན་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། ལུས་རྩལ་པ་རྣམས་ལ་སྙིང་ཕུར་བརྡབས་ནས། ཐེངས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྟེང་གྲུབ་འབྲས་གང་བཟང་བླངས་ནས། མཚོ་སྔོན་མི་དམངས་ཀྱི་རྒྱན་དུ་འགྱུར་བར་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།